ཐེ་ཝན་ནང་རྒྱ་ནག་གི་གནོན་ཤུགས་འགོག་ཐབས་ཀྱི་ཁྲིམས་འཆར།

2019-12-31
གློག་འཕྲིན།
མཆན།
Share
པར་བཀོད།
ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིན་ཝིན་(Tsai Ing-wen)མཆོག
ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིན་ཝིན་(Tsai Ing-wen)མཆོག
ཨེ་ཨེཕ་པི།

ཐེ་ཝན་གྱི་སྲིད་འཛིན་གྱི་འོས་བསྡུ་གནང་རྒྱུར་བདུན་ཕྲག་གཉིས་ཙམ་གྱི་དུས་ཡུན་ལས་མེད་པའི་སྐབས་འདིར་དེ་རིང་ཚེས ༣༡ ཉིན་ཐེ་ཝན་གྲོས་ཚོགས་ཀྱིས་ཐེ་ཝན་གྱི་ཆབ་སྲིད་ནང་རྒྱ་ནག་གི་ཐེ་གཏོགས་བྱེད་པའི་གནོན་ཤུགས་འགོག་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་འདུག

ཐེ་ཝན་གྱི་ཕྱོགས་འགལ་གོ་མིང་ཏང་ཚོགས་པའི་ངོས་ནས་སྐྱོན་བརྗོད་ཤུགས་ཆེ་བྱེད་མིན་ལ་མ་ལྟོས་པར་ཐེ་ཝན་རྒྱལ་ཡོངས་འོས་བསྡུའི་ནང་རྒྱ་ནག་ཕྱོགས་ནས་ཐེ་ཇུས་འགོག་ཐབས་སུ་སྨན་པའི་ཁྲིམས་འཆར་དེ་དག་དེ་རིང་གྲོས་ཚོགས་ནང་གཏན་འབེབས་བྱུང་འདུག  གོང་ཞུས་ཁྲིམས་གཞི་དེའི་འོག་ཕྱིའི་རྒྱལ་ཁབ་གི་གནོན་ཤུགས་ཀྱིས་ཐེ་ཝན་སྲིད་འཛིན་འོས་བསྡུའི་ལས་འགུལ་ནང་ཐེ་ཇུས་དེ་བཞིན་ཆབ་སྲིད་དང་འབྲེལ་བའི་ཞལ་འདེབས་སྤྲད་པ།   དེ་མིན་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་པའི་ལས་འགུལ་དང་དཀྲོག་གཏམ་སོགས་སྤེལ་མི་ཆོག་བཀག་བསྡོམས་བྱ་རྒྱུ་ཡིན་པ་རེད།  གོང་ཞུས་ཁྲིམས་གཞི་དེར་འགལ་འཛོལ་བྱེད་མཁན་གྱི་རིགས་ལ་ལོ་ལྔའི་རིང་བཙོན་འཇུག་བྱ་རྒྱུ་མ་ཟད་ཉེས་ཆད་མ་དངུལ་ཨ་མི་རི་ཀའི་ཌོ་ལར་འབུམ་གསུམ་བར་གཏོང་རྒྱུ་ཡིན་པ་གནས་ཚུལ་ནང་བཀོད་ཡོད་པ་རེད།   ཐེ་ཝན་གོ་མིན་ཏང་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་འོས་བསྡུའི་ནང་མ་ཞུགས་པར་གྲོས་ཚོགས་ཀྱི་ཕྱིར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་མ་ཟད་ཁོང་ཚོས་རིང་མིན་ཕྱི་ཟླ་དང་པོའི་ཚེས་བཅུ་གཅིག་ཉིན་གྱི་སྲིད་འཛིན་འོས་བསྡུའི་སྐབས་འོས་ཤོག་འཕེན་མཁན་མི་མང་ཚོས་སྲིད་འཛིན་ཚའི་་ཨིང་ཝན་གྱི་ཚོགས་པ་དམངས་གཙོ་ཡར་རྒྱས་ཚོགས་པར་ཉེས་པ་གཏོང་དགོས་པའི་འབོད་སྐུལ་བྱས་འདུག

དེ་བཞིན་ཡང་དེ་རིང་གྲོས་ཚོགས་ནང་ཁྲིམས་འཆར་གཏན་འབེབས་ཀྱི་འོས་བསྡུའི་ལས་དོན་སྤེལ་བཞིན་པའི་སྐབས་དེར་གྲོས་ཚོགས་ཕྱི་ཕྱོགས་སུ་ཐེ་ཝན་གྱི་འོས་བསྡུར་ངོ་རྒོལ་བྱེད་མཁན་རྒྱ་ནག་གི་དོན་གཉེར་བ་ཁག་ཅིག་གིས་སྲིད་འཛིན་ཚའི་ཨིང་ཝན་ཕམ་ཉེས་གཏོང་དགོས་ཅེས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད།

སྲིད་འཛིན་ཚའི་ཨིང་ཝན་མཆོག་གིས་ཐེ་ཝན་གོ་མིན་ཏང་ཚོགས་པས་ཐེ་ཝན་ལ་ཁ་གཏད་འཛིན་མཁན་རྒྱ་ནག་གཞུང་གི་འདོད་ཚུལ་ཇེ་ལྟར་བཏོན་མིན་ལ་མ་ལྟོས་པར་ཐེ་ཝན་གྱི་རང་དབང་དང་མང་གཙོའི་འཐབ་རྩོད་ཀྱི་ཆེད་དུ་ཐེངས་དེའི་སྲིད་འཛིན་འོས་བསྡུའི་ནང་བསྐྱར་དུ་བཞེངས་རྒྱུ་ཡིན་པ་གསལ་སྟོན་གནང་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།