སྤྱི་འཐུས་ཤིག་ཕིང་ལེན་ཌིར་བོད་དོན་དྲིལ་བསྒྲཌ་སུ་ཕེབས།

སྤྱི་འཐུས་ཟླ་སྒྲོན་ཤར་གླིང་ལགས་ཀྱིས་ཡུ་རོབ་ཡུལ་གྲུ་ཕིན་ལེནཌིར་རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བར་ཕེབས་འདུག

2011.10.12

༄༅༎བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཞིབ་འཇུག་དང་གསར་འགོད་འབྲེལ་མཐུད་པ་སྤྱི་འཐུས་ཟླ་སྒྲོན་ཤར་གླིང་ལགས་ཀྱིས་ཟླ་བ་འདིའི་ཚེས་༣ནས་༩བར་ ཕིན་ལེནཌི་གྱི་རྒྱལ་ས་ཧེལ་སིན་ཀིར་བདུན་ཅིག་རིང་རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བར་ཕེབས་འདུག།
ཕིན་ལེནཌ་གྱི་གཞུང་འབྲེལ་མ་ཡིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཀི་ཡོ་སི་(KIOS)དང་དབང་པོ་སྐྱོན་ཅན་གྱི་ཚོགས་པ་ཨེ་སྦི་ལིསི་(Abilis)གཉིས་ཟུང་འབྲེལ་ཐོག། ཕིན་ལེནཌི་ཕྱི་སྲིད་ལྷན་ཁང་གི་རྒྱབ་སྐྱོར་འོག་འདིར་ཟླའི་ཚེས་༤དང་༥གཉིས་ལ་གྲོང་ཁྱེར་ཧེལ་སིན་ཀི་ གྲངས་ཉུང་མི་རིགས་དང་རྒྱལ་ཁབ་ཀྱི་ས་སྐྱེས་རྡོ་སྐྱེས་མི་རིགས་ཀྱི་ཐོབ་ཐང་སྐོར་རྒྱལ་སྤྱིའི་བཞུགས་མོལ་ལྷན་ཚོགས་ཤིག་གནང་ཡོད་པའི་སར།
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ་ ཤར་གླིང་ཟླ་སྒྲོན་ལགས་ཀྱིས་ བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བོད་ནང་གི་བུད་མེད་ཚོའི་ཐོབ་ཐང་སྐོར་ཕྱག་ལས་གནང་ཕྱོགས་དང་བོད་པའི་བུད་མེད་ཚོའི་ཐོབ་ཐང་གི་གནས་བབ་སྐོར་འགྲེལ་བཤད་རྒྱས་པོ་གནང་ཡོད་པ་དང༌། ཡུལ་དེའི་གསར་ཤོག་དང་སྙན་འཕྲིན་གྱི་ལས་རིམ་ཐོག་ལའང་ཁོང་ལ་བཅར་འདྲི་ཞུས་འདུག།  དེ་བཞིན་ཁོང་གིས་ ཕིན་ལེནཌི་གཞུང་གི་རྒྱལ་སྤྱིའི་འཛུགས་སྐྲུན་ཡར་རྒྱས་ལས་དོན་བློན་ཆེན་ལྕམ་ཧའེ་ཌི་དང༌། ཕིན་ལེནཌི་གྲོས་ཚོགས་ཀྱི་འཐུས་མི། དང་ཡུལ་དེའི་བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ་དང་ལྷན་དུ་མཇལ་འཛོམས་བཀའ་མོལ་ཀྱང་ཞུས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་མཆོག་གིས་རྒྱ་གར་གྱི་མེ་ཁོ་རོ་སོ་ཧྤོ་ཊི་ཡར་རྒྱས་ལྟེ་གནས་ཀྱི་འཛིན་སྐྱོང་འགན་འཛིན་ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎