བློ་བཟང་དར་རྒྱས་ལགས་རྒྱ་ནག་གི་གསང་བའི་མི་སྣས་བཟུང་ཡོད་པ།

2016-05-31
གློག་འཕྲིན།
མཆན།
Share
པར་བཀོད།
རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་ཀྱི་ཉེ་པར།
རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་ཀྱི་ཉེ་པར།
CCTV

ཕྱི་ཟླ་༥་ཚེས་༢༣་གྱི་མཚན་མོ་འཇུ་བཟུང་བྱས་ཏེ་ད་ཆ་གར་སོང་ཆར་མེད་དུ་སོང་བ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་དར་རྒྱས་ལགས་སམ་བློ་བཟང་དར་རྒྱས་ལགས་རྒྱ་མིའི་གསང་བའི་མི་སྣས་འཇུ་བཟུང་བྱས་ཡོད་ལུགས་རྫོང་ལས་ཁུངས་ཀྱི་ལས་བྱེད་པ་ཞིག་གིས་བརྗོད་ཡོད་འདུག།
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་བོད་ནས་གནས་ཚུལ་འདིའི་ཐད་བརྒྱུད་མངའ་ཡོད་པ་ཞིག་གིས་བརྗོད་པར་གཞིགས་ན། དགེ་འདུན་པ་བློ་བཟང་དར་རྒྱས་ལགས་ནི་རྔ་པ་ཀིརྟི་དགོན་པའི་བཀའ་རབ་འཛིན་གྲྭ་ཞིག་གི་སྐྱོར་དཔོན་ཡིན་ཞིང་། ཁོང་གི་འཛིན་རོགས་དང་དེ་མིན་འབྲེལ་ཡོད་མི་སྣ་ཚོས་རྫོང་ལས་ཁུངས་སུ་ཕྱིན་ཏེ། དར་རྒྱས་ལགས་ཀྱི་གནས་སྟངས་སྐོར་འདྲི་རྩད་བྱེད་སྐབས། རྫོང་ལས་ཁུངས་ཀྱི་ལས་བྱེད་པ་ཞིག་གིས་དར་རྒྱས་ལགས་རྒྱ་མིའི་གསང་བའི་དོ་དམ་མི་སྣས་འཛིན་བྱས་ཡོད་ལུགས་དང་། རྫོང་གི་ལས་བྱེད་པ་ཚོས་ཀྱང་དར་རྒྱས་ལགས་གར་ཡོད་ཤེས་རྟོགས་མེད་པ་ལན་འདེབས་བྱས་ཡོད་འདུག།
ཡང་གནས་ཚུལ་མཁོ་སྤྲོད་པ་དེས་དར་རྒྱས་ལགས་ཀྱི་ཨ་མ་ལགས་ཀྱིས་ཁོང་འཛིན་བཟུང་བྱས་ཡོད་སྐོར་གནས་ཚུལ་ཤེས་རྟོགས་མེད་པ་རེད་འདུག་ལ། རྫོང་ལས་ཁུངས་ཀྱི་ལས་བྱེད་པས་རྫོང་གི་ལས་ཁུངས་ཀྱི་ངོས་ནས་ཀྱང་དར་རྒྱས་ལགས་གང་དུ་ཡོད་མེད་རྩད་གཅོད་བྱ་རྒྱུ་ཡིན་ལུགས་ཁས་ལེན་བྱས་འདུག།
དར་རྒྱས་ལགས་ནི་དེ་སྔོན་ཕྱི་ལོ་༢༠༠༩་ལོར་འཛིན་བཟུང་གིས་དུས་ཡུན་ལོ་ངོ་དྲུག་གི་བཙོན་བཅུག་བྱས་རྗེས་ཕྱི་ལོ་༢༠༡༤་ལོར་གློད་གྲོལ་ཐོབ་པ་དང་། སླར་ཡང་ཀིརྟི་དགོན་དུ་ཕྱིར་ཕེབས་ཀྱིས་༢༠༡༦་ལོའི་ཕྱི་ཟླ་༥་ཚེས་༢༣་མཚན་མོ་འཇུ་བཟུང་མ་བྱས་བར་ཁོང་དགོན་པའི་ནང་བསླབ་པ་སློབ་གཉེར་གནང་སྟེ་བཞུགས་ཡོད་འདུག།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

མཆན། (0)
Share
དྲ་གནས་ཆ་ཚང༌།