སློབ་གྲྭ་༧༡ཙམ་བོད་མའི་སྒྲིག་འཛུགས་ལ་རྩིས་སྤྲོད་གནང་འཆར།

རྒྱ་གར་གཞུང་གི་བོད་སློབ་འཛིན་སྐྱོང་ཚོགས་པའི་འོག་ཡོད་པའི་སློབ་གྲྭ་ཁག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་གནང་འཆར།

2012.06.30

༄༅༎རྒྱ་གར་གཞུང་གི་བོད་སློབ་འཛིན་སྐྱོང་ཚོགས་པའི་འོག་ཡོད་པའི་སློབ་གྲྭ་ཁག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་གནང་འཆར་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་རྒྱ་གར་གྱི་ཨིན་ཌིཡེན་ཨེསི་པེ་རེསི་ཞེས་པའི་གསར་ཤོག་ནང་ཁ་ས་ཚེས་ཉི་ཤུ་དགུ་ཉིན་གནས་ཚུལ་ཐོན་པར་ལྟར་ན། རྒྱ་གར་དབུས་གཞུང་གི་འོག་པའི་བོད་སློབ་འཛིན་སྐྱོང་ཚོགས་འམ་CTSA ཞེས་པའི་ཁྱབ་ཁོངས་བོད་པའི་སློབ་གྲྭ་རྣམས་ལོ་གཉིས་ཙམ་གོང་ནས་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་ཡོང་བའི་དགོས་འདུན་བཏོན་གནང་བ་དང་། དེ་བཞིན་ཕྱི་ལོ་ ༢༠༡༠ ལོར་སྐབས་དེའི་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ལྕམ་ནི་རུ་པ་མ་ རའོ་མཆོག་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་པའི་རྗེས་སུ་ཁོང་གིས་དབུས་འབྲེལ་ཡོད་ལས་ཁུངས་སུ་ཕྱག་བྲིས་གནང་བ་སོགས་ཀྱི་བརྒྱུད་རིམ་ནས་ད་ཆ་དབུས་བོད་སློབ་འཛིན་སྐྱོང་ཚོགས་པས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་བརྩིས་སྤྲོད་གནང་རྒྱུའི་ཐག་ཆོད་རོབ་ཙམ་བྱུང་བ་དང་། རིམ་པས་རྩིས་སྤྲོད་བྱེད་རྒྱུའི་ལས་རིམ་གོ་སྒྲིག་ཞུ་འཆར་ཡོད་འདུག

གོང་ཞུས་གནས་ཚུལ་ནང་གསལ་ལྟར་ན། བོད་སློབ་འཛིན་སྐྱོང་ཚོགས་པའི་འོག་རྒྱ་གར་གྱི་མངའ་སྡེ་ཧི་མ་ཅལ་དང་། ཨུ་དར་ཁན་དྲ། འབྲས་ལྗོངས། ཨོ་རི་ས། ལྷོ་ཕྱོགས་ཀར་ན་དྲ་ཀ། ནུབ་སྦང་ག་ལི། མ་ཧ་ར་ཤེ་ཀྲ་ར། ཆ་ཏིས་གྷར་སོགས་སུ་སློབ་གྲྭ་ཆེ་ཆུང་བདུན་བཅུ་དོན་གཅིག་ཙམ་ཡོད་པ་དང་། དེའི་ནང་ཕྲུ་གུ་བརྒྱད་སྟོང་ཙམ་ཡོད་འདུག འབྲེལ་ཡོད་ལས་ཁུངས་ཀྱི་ལས་བྱེད་བགྲེས་པ་ཞིག་གིས་ངོ་སྤྲོད་གནང་བར་ལྟར་ན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འོག་འཛིན་སྐྱོང་བྱེད་བཞིན་པའི་སློབ་གྲྭ་ཁག་གི་གྲུབ་འབྲས་ད་བར་བོད་སློབ་འཛིན་སྐྱོང་འོག་གི་སློབ་གྲྭ་ཁག་ལས་ལེགས་པ་བྱུང་ཡོད་པ་བཅས་ལ་བརྟེན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་བྱེད་རྒྱུ་དེ་འོས་ཤིང་མཚམས་པ་ཞིག་རེད། འོན་ཀྱང་རྒྱ་གར་དབུས་གཞུང་ནས་མ་འོངས་པར་དགོས་ངེས་ཀྱི་མཐུན་འགྱུར་རོགས་རམ་མུ་མཐུད་ནས་གནང་རྒྱུ་མ་ཟད་ཡིག་རྒྱུགས་གཏོང་རྒྱུས་མཚོན་ད་མུས་བཞིན་གནས་རྒྱུ་ཡིན་པ་དང་། དགེ་རྒན་རྣམས་ལ་རང་འཇགས་གནས་རྒྱུ་བཅས་ཀྱི་འཆར་གཞི་ཡོད་ལུགས་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་གི་ས་ཡོམ་དང་འབྲེལ་དྲྭ་ཐོག་གནས་ཚུལ་སྤེལ་མཁན་ ༢༡ ལ་ཞིབ་དཔྱོད་དང་ཉེས་ཆད་བཅད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཀརྨ་ཚེ་བརྟན་ལགས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་འགོ་ཁྲིད་དུ་བདམས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎