༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་(Spendlove Prize)་ཞེས་པའི་གཟེངས་རྟགས་ཕུལ་འདུག

2022.09.21
Share on WhatsApp
Share on WhatsApp
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་(Spendlove Prize)་ཞེས་པའི་གཟེངས་རྟགས་ཕུལ་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་(Spendlove Prize)་ཞེས་པའི་གཟེངས་རྟགས་ཕུལ་ཡོད་པའི་སློབ་གྲྭའི་དྲ་ངོས། ༠༩།༡༩།༢༠༢༢
དྲ་བཤུས། ucmerced.edu

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་ཁེ་ལི་ཧྥོར་ནི་ཡ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་༢༠༢༢ལོའི་(Merced)་ཡན་ལག་གི་(Alice and Clifford Spendlove Prize)་ཞེས་པའི་སྤྱི་ཚོགས་དྲང་བདེན་དང་། ཕྱི་འབྲེལ། བཟོད་བསྲན་བཅས་ཀྱི་ཐོག་ལ་རླབས་ཆེན་གྱི་མཛད་རྗེས་བསྐྱངས་པར་ཆེ་བསྟོད་ཞུ་སླད་གཟེངས་རྟགས་དེ་དྲ་ལམ་བརྒྱུད་ནས་ཕྱི་ཟླ་༩ཚེས་༡༩ཉིན་ཕུལ་ཡོད་པ་དང་། དྲ་ལམ་བརྒྱུད་ནས་གཟེངས་རྟགས་ཕུལ་བའི་མཛད་སྒོ་དེ་ཕྱི་ཟླ་༩ཚེས་༢༦ཉིན་མཐོ་རིམ་སློབ་གྲྭ་དེས་རྒྱང་སྲིང་ཞུ་རྒྱུ་ཡིན་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་གཟེངས་རྟགས་འདི་ཕུལ་ཡུལ་༡༥པ་དེ་ཡིན་པ་དང་། ལོ་འཁོར་གཟེངས་རྟགས་འདི་དང་མཉམ་ཨ་སྒོར་ཆིག་ཁྲི་ལྔ་སྟོང་ཞིག་ཀྱང་འབུལ་སྲོལ་ཡོད་པ་(Merced)་མཐོ་རིམ་སློབ་གྲྭའི་དྲ་རྒྱའི་ཐོག་བཀོད་འདུག
གཟེངས་རྟགས་འདི་ཐོག་མར་དབུ་འཛུགས་གནང་མཁན་(Sherrie Spendlove)་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི། ཆབ་སྲིད་ཀྱི་ལྟ་བའི་ཆ་ནས་དུམ་བུར་འགྲོ་བཞིན་པའི་དཀའ་རྙོག་ཆེ་བའི་འཛམ་གླིང་ནང་བྱམས་བརྩེ་དང་། ཞི་བདེ། སྙིང་རྗེ། བཟོས་བསྲན་བཅས་ཀྱི་བཀའ་སློབ་ལམ་སྟོན་གནང་བའི་རླབས་ཆེན་གྱི་མཛད་འཕྲིན་སྐྱོང་གནང་མཛད་བཞིན་པ་འདི་དག་ནི། སྤྱི་ཚོགས་ཁྲོད་དྲང་བདེན་ཡུན་གནས་ལྡན་པ་དང་འཚེ་བ་མེད་པའི་ཐབས་ལམ་སྤྱོད་རྒྱུར་རླབས་ཆེན་གྱི་ཕན་རླབས་ལྡན་ཡོད་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་འདི་དག་འཛམ་གླིང་ནང་གི་མི་སྒེར་ཕན་ཚུན་གྱི་འབྲེལ་བ་དང་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བར་སློབ་གསོ་ཕུལ་བྱུང་ཞིག་ཀྱང་ཡིན་པ་གསུངས་འདུག

གསར་འགོད་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ཀྱི་རྒྱལ་ས་ལྷ་ས་ནས་ཏོག་དབྱིབས་རིམས་ནད་ཀྱི་དཀའ་སྡུག་ཁྲོད་བོད་མི་ཁག་ཅིག་ཁང་པ་ནས་མཆོང་སྟེ་འདས་གྲོངས་སུ་ཕྱིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎