༧གོང་ས་མཆོག་དང་སྲིད་བློན་ནེཧ་རུའི་རྩོམ་ཡིག་གཅེས་བཏུས་དཔེ་དེབ།


2015.09.01
༧གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་རྒྱ་གར་ལ་ཕེབས་ནས་སྲིད་བློན་ནེཧ་རུ་དང་མཇལ་སྐབས། ༡༩༥༧ ༧གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་རྒྱ་གར་ལ་ཕེབས་ནས་སྲིད་བློན་ནེཧ་རུ་དང་མཇལ་སྐབས། ༡༩༥༧
སྐུ་སྒེར་དྲ་གནས།

རྒྱ་གར་གྱི་སྲིད་བློན་ནེཧ་རུ་དམ་པ་དང་༧གོང་ས་མཆོག་ཕན་ཚུན་བར་བོད་ཀྱི་གནད་དོན་མང་པོ་ཡིག་འབྲེལ་གནང་སྐོར་མཇལ་རྒྱུ་ཡོད་པ་རེད།
ཉེ་ཆར་རྒྱ་གར་གྱི་སྲིད་བློན་འདས་པོ་སྐུ་ཞབས་ནེཧ་རུའི་རྩོམ་ཡིག་བཅེས་གཏུས་ཀྱི་དཔེ་དེབ་ཅིག་དཔར་བསྐྲུན་བྱས་ཡོད་པ་དེའི་ནང་། ནེཧ་རུ་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕན་ཚུན་བོད་དང་འབྲེལ་བའི་འགག་རྩའི་གནད་དོན་མང་དག་ཅིག་གི་ཐོག་ཡིག་འབྲེལ་གནང་སྐོར་མཇལ་རྒྱུ་ཡོད་འདུག སྐུ་ཞབས་ནེཧ་རུའི་རྩོམ་ཡིག་གཅེས་བཏུས་དེའི་ནང་གི་བོད་དོན་སྤྱི་དང་ལྷག་པར་དུ་ལོ་རབས་དྲུག་བཅུའི་འགོ་སྟོད་དུ་བོད་ཀྱི་གནད་དོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུ་གཏུགས། ༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་གནད་དོན་སོགས་འཁོད་པའི་ཐད་རྩོམ་པ་པོ་Claude Arpiས་དཔྱད་བརྩོད་ཞིག་སྤེལ་འདུག་པ་ཕ་ཡུལ་དྲ་རྒྱའི་ཐོག་བཀོད་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་དང་འབྲེལ་བའི་གྲོས་ཆོད་དང་པོ་དེ་ཕྱི་ལོ་༡༩༥༩ ལོར་བཞག་ཡོད་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གྲོས་ཆོད་རིམ་པ་གཉིས་པ་ཞིག་འཇོག་ཐབས་སུ་རྒྱལ་ལོ་དོན་གྲུབ་ལགས་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་རུ་ཕེབས་དགོས་ངེས་གཟིགས་ཡོད་པ་རེད་ཅེས་དང་། འོན་ཀྱང་རྒྱ་གར་གཞུང་གིས་སྐོུ་རྒྱལ་ལོ་དོན་གྲུབ་ལགས་རྒྱ་གར་ནས་ཕེབས་ཐོན་དང་། ཕྱིར་རྒྱ་གར་དུ་ཕེབས་ལོག་གནང་རྒྱུའི་ཆོག་མཆན་ཕུལ་མེད་ཅིང་། དེའི་རྒྱུ་མཚན་ནི་རྒྱ་གར་གཞུང་གིས་སྐོུ་རྒྱལ་ལོ་དོན་གྲུབ་ལགས་ཀྱི་སྐུ་ཟླ་ཐེ་ཝན་གྱི་མི་རིགས་ཤིག་ཡིན་པ་དེའི་རྒྱུ་མཚན་གྱིས་ཡིན་སྲིད་ལུགས་རྩོམ་པོ་Claude Apri་ཚོད་དཔག་གནང་འདུག་ལ། ཁོང་གིས་ནེཧ་རུའི་རྩོམ་ཡིག་གཅེས་བཏུས་ཀྱི་དཔེ་དེབ་ལ་གཞིགས་ཚེ་ཕྱི་ལོ་༡༩༦༢ ལོའི་རྒྱ་གར་དང་རྒྱ་ནག་དབར་དམག་འཁྲུག་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་བོད་ཀྱི་གནད་དོན་ལ་ཐུག་པ་ཞིག་ཡིན་པའི་སྡོམ་རྩིས་ཤིག་ཀྱང་བསྐྱོན་ཡོད་པ་རེད།
རྩོམ་པ་Claude Apriཡིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གྱི་སྲིད་བློན་ནེཧ་རུ་དབར་བོད་ཀྱི་གནད་དོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུ་གཏུག་བྱ་ཕྱོགས་ཐད་དགོངས་ཚུལ་མི་མཐུན་པ་ཆེན་པོ་ཡོད་པ་གསལ་སྟོན་གནང་འདུག
རྒྱ་གར་གྱི་སྲིད་བློན་གྱིས་བོད་དོན་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུ་གཏུག་བྱ་རྒྱུར་མཐའ་གཅིག་ཏུ་མོས་མཐུན་གནང་གི་མེད་ཀྱང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་གི་བོད་མིའི་ཛ་དྲག་གི་གནས་སྟངས་ལ་གཞིགས་ཏེ་བོད་དོན་རྒྱལ་ཚོགས་སུ་ངེས་པར་ཞུ་དགོས་པའི་ཐག་གཅོད་གནང་ཡོད་པ་རེད།
རྩོམ་པ་པོ་Claude Apriའི་དཔྱད་བརྩོམ་གྱི་ནང་མ་འཁོད་པ་ཁག་ནི། དགུང་གྲངས་ ༢༦ཙམ་ལས་མ་ཕེབས་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ནས་རྒྱ་གར་དང་བལ་ཡུལ་སོགས་རྒྱུན་མ་ཆད་པར་འབྱོར་བཞིན་པའི་བོད་མི་ཚོའི་བདེ་སྡུག་ལ་གཟིགས་རྒྱུ་དང་། བོད་མི་སྐྱབས་བཅོལ་བ་ཚོའི་གནས་སྟངས་རྒྱ་གར་གཞུང་ལ་ཞུ་སྐུལ་གནང་རྒྱུ། བོད་ནང་རྒྱ་ནག་གཞུང་གིས་དྲག་རྩུབ་ཧ་ལས་པའི་ཆེན་པོ་བྱེད་བཞིན་པ་འགོག་ཐབས་ཐད་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་འཛམ་གླིང་གི་ཡུལ་གྲུ་ཁག་ལ་ཞུ་གཏུག་གནང་རྒྱུ་སོགས་བསམ་ཡུལ་ལས་འདས་པའི་ཐུགས་འགན་ལྕི་པོ་ཇི་ཙམ་བཞེས་ཡོད་པ་དང་། དེ་བཞིན་ཐུགས་ཀྱི་གདེང་སྤོབས་ཧ་ལས་པའི་ཆེན་པོའི་ཐོག་ནས་ཆབ་སྲིད་ཀྱི་ཉམས་མྱོང་ཧ་ལས་པའི་ཆེན་པོ་ཡོད་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལས་དགུང་གྲངས་ལྡབ་ཀྱི་མཐོ་བ་ཡིན་པ་རྒྱ་གར་གྱི་སྲིད་བློན་དང་འབྲེལ་བ་གནང་ཕྱོགས། རྒྱ་གར་གྱི་སྲིད་བློན་གྱི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་ཆེ་ཐོངས་དང་ཐུགས་བརྩེ་སེམས་ཇི་ཙམ་གནང་མིན་དང་རྒྱ་གར་གྱི་སྲིད་བློན་གྱི་དགོངས་པ་མ་མཐུན་པ་ཡིན་ན་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པར་རྒྱ་གར་གྱི་སྲིད་བློན་གྱི་ངོས་ནས་རིན་ཐང་བརྩི་བཀུར་ཞུ་ཕྱོགས་སོགས་ཡིན་པ་རེད།
ཞིབ་ཕྲའི་གནས་ལུགས་དེ་དག་ནེཧ་རུ་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་ཕན་ཚུན་ཕྱག་བྲིས་སྩལ་གནང་མཛད་པ་ཁག་ནས་ཤེས་རྟོག་ཐུབ་རྒྱུ་ཡིན་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མི་རྣམས་ནས་རྒྱ་ནག་གི་གནོན་ཤུགས་འོག་བོད་སྤྱི་ལ་གནོད་འཚེར་གྱུར་བའི་ལག་ཆ་ཞིག་ཏུ་མི་འགྱུར་བའི་འབད་བརྩོན་གནང་གལ་ཆེ་བ་ཡིན་ཞེས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་བོད་མི་རྣམས་བོད་ནང་བསྐྱོད་ཕྱོགས་ཐད་ལམ་སྟོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎