༧གོང་ས་མཆོག་གིས་ཨོ་སི་ཀྲིལེ་ཡའི་ནང་ཚབས་ཆེའི་མེ་སྐྱོན་བྱུང་བར་ཐུགས་གསོའི་མཚམས་འཕྲིན་བསྩལ།

2020-01-08
གློག་འཕྲིན།
མཆན།
Share
པར་བཀོད།
ཨོ་སི་ཀྲིལེ་ཡའི་ནང་གི་ཚབས་ཆེའི་མེ་སྐྱོན་གྱི་གནོད་ཐེབས་ས་ཁུལ། ༢༠༡༩།༡༢།༣༡
ཨོ་སི་ཀྲིལེ་ཡའི་ནང་གི་ཚབས་ཆེའི་མེ་སྐྱོན་གྱི་གནོད་ཐེབས་ས་ཁུལ། ༢༠༡༩།༡༢།༣༡
AFP

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཀྲིལེ་ཡའི་(australia)་སྲིད་བློན་གྱི་མཚན་ཐོག་ཡུལ་དེའི་ནང་གི་ནགས་ཚལ་མང་པོར་(bushfire)་ཞེས་བའི་མེ་སྐྱོན་གྱི་གོད་ཆགས་ཆེན་པོ་བྱུང་བར་ཐུགས་གསོའི་འཚམས་འཕྲིན་བསྩལ་འདུག
ཕྱི་ཚེས་༨་ཉིན་གནས་མཆོག་རྡོ་རྗེ་གདན་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཀྲིལེ་ཡའི་སྲིད་བློན་སྐུ་ཞབས་(Scott Morrison)་ཡི་མཚན་ཐོག་ལ་ཕུལ་བའི་ཐུགས་གསོའི་གསུངས་འཕྲིན་ནང་། ཡུལ་དེའི་ནགས་ཚལ་མང་པོར་མེ་སྐྱོན་ཚབས་ཆེན་བྱུང་བའི་རྐྱེན་པས་བྱ་བྱེའུ་དང་། སེམས་ཅན་གྲངས་ལས་འདས་པའི་ཚེ་སྲོག་ཤོར་བ་དང་། མཛེས་སྡུག་ལྡན་པའི་ཡུལ་དེའི་མི་རྒྱུ་གཉིས་ལ་དེ་སྔ་བྱུང་མྱོང་མེད་པའི་ཚབས་ཆེའི་གནོན་སྐྱོན་བྱུང་བ་དེར་༧གོང་ས་མཆོག་གིས་ཐུགས་ཕམ་ཆེན་པོའི་ངང་གདུང་སེམས་མཉམ་སྐྱེས་ཀྱིས་ཡུལ་དེའི་སྲིད་བློན་དང་མི་དམངས་ལ་ཐུགས་གསོ་གནང་ཡོད་པ་རེད།
ད་དུང་གསུངས་འཕྲིན་ནང་། སེམས་ལ་ན་ཟུག་ཕོག་པའི་དམྱལ་བ་ལྟ་བུའི་མེ་སྐྱོན་ཆེན་པོ་དེའི་ནང་དང་བླངས་མི་དམངས་དང་། མེ་གསོད་རུ་ཁག་གིས་རང་ཉིད་བློས་བཏང་གིས་བློ་སྟོབས་ཆེན་པོས་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་བ་ནི་སེམས་འགུལ་ཐེབས་འོས་པ་ཞིག་དང་། དེ་བཞིན་ཨོ་སི་ཀྲིལེ་ཡའི་དབུས་གཞུང་དང་ས་གནས་གཞུང་གིས་མེ་སྐྱོན་མྱུར་སྐྱོབ་དང་། དོ་ཕོག་བྱུང་བ་རྣམས་ལ་དགོས་ངེས་ཀྱི་རོགས་རམ་ཇི་ལྟར་དགོས་མིན་ཐད་ཚགས་ཚུད་ལས་དོན་སྤེལ་དང་སྤེལ་བཞིན་པ་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན་པ་འཁོད་འདུག
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནོད་ཐེབས་ས་ཁུལ་གྱི་འབྲེལ་ཡོད་ཚང་མའི་བདེ་སྡུག་ལ་ཆིག་སྒྲིལ་ངང་གཏོང་ཕོད་ཆེན་པོས་རྒྱབ་སྐྱོར་གནང་བཞིན་པ་དེར་བསྔགས་བརྗོད་དང་མཉམ། དེ་ནི་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དང་བྱམས་བརྩེའི་རང་བཞིན་དེ་མངོན་གྱི་ཡོད་པ་མ་ཟད། གོ་ལའི་ཚ་དྲོ་རྒྱས་བཞིན་པར་འགོག་ཐབས་ཀྱི་ཆེད་དུ་ང་ཚོ་མི་སྒེར་ངོས་ནས་ངེས་པར་དུ་གང་ཐུབ་ལག་ལེན་འཁེལ་ཐུབ་པ་དགོས་པ་རེད་ཅེས་གསུངས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།