མང་གཙོ་ངོ་མ་ཏཱ་ལའི་བླ་མ་མཆོག་གིས་ལག་བསྟར་གནང་ཡོད། རྒྱ་རིགས་ཤིག་གིས།

2019-03-28
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་རིགས་དགེ་རྒན་ཆེན་མོ་སྐུ་ཞབས་ཤཱ་མིང་གིས་གཏམ་བཤད་གནང་བཞིན་པ། ༢༠༡༩།༣།༢༨
རྒྱ་རིགས་དགེ་རྒན་ཆེན་མོ་སྐུ་ཞབས་ཤཱ་མིང་གིས་གཏམ་བཤད་གནང་བཞིན་པ། ༢༠༡༩།༣།༢༨
RFA

༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་མི་ཚོ་མང་གཙོའི་ལམ་ལ་ཁྲིད་ནས་མང་གཙོ་ངོ་མ་ལག་བསྟར་གནང་པ་རྒྱ་རིགས་དགེ་རྒན་ཆེན་མོ་ཤཱ་མིང་གིས་གསུངས་འདུག
ཕྱི་ཟླ་༣ཚེས་༢༨ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གཞུང་གིས་བོད་ཀྱི་སྤྱི་ཚོགས་ལ་དམངས་གཙོའི་བཅོས་བསྒྱུར་ཟེར་བ་བཏང་ནས་བོད་ནང་ཡོད་པའི་ཡར་ལངས་ཞིང་བྲན་ལ་བཅིངས་གྲོལ་བཏང་སྟེ་ལོ་ངོ་དྲུག་བཅུ་འཁོར་བའི་ཚོགས་ཆེན་ཞིག་རྩེ་ཕོ་བྲང་པོ་ཏཱ་ལའི་མདུན་སྐོང་ཚོགས་བྱས་ཡོད་པ་དང་། ཚོགས་འདུའི་ཐོག་༥༩ལོའི་གོང་ཡར་ལངས་ཞིང་བྲན་ཟེར་མིང་བཏགས་པའི་བོད་མི་ཁག་ཅིག་ཟུར་བཏོན་བྱས་ཏེ་གཏམ་བཤད་བྱེད་བཅུག་ཡོད་པ་རེད། འོན་ཀྱང་རྒྱ་རིགས་མཁས་དབང་ཞིག་གིས་རྒྱ་ནག་གཞུང་གིས་འདས་པའི་ལོ་དྲུག་བཅུའི་རིང་བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་ཟེར་བ་བདེན་པ་མིན་པ་དང་། མང་གཙོ་ངོ་མ་རྒྱ་གར་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལག་བསྟར་གནང་ཡོད་པ་བརྗོད་ཡོད་པ་རེད། ལོ་རབས་ལྔ་བཅུའི་ནང་རྒྱ་ནག་གི་དམག་དཔུག་ནས་མཚོན་ཆའི་འོག་བོད་ལ་བཙན་འཛུལ་བྱས་ཏེ་ད་ལྟ་བར་བོད་མིའི་ཁྲོད་དཀའ་ངལ་བཟོས་པ་ཁག་རྩ་བ་ནས་མ་གླེང་པར་བོད་པའི་མི་རབས་གསར་པ་དང་ཕྱི་ཕྱོགས་སུ་རྒྱ་ནག་དམར་ཤོག་གཞུང་འདི་མེད་ན་ད་ལྟ་བོད་འདི་མེད་ཅེས་པ་ནི་ལོ་རྒྱུས་རྫུན་བཟོའི་འགྲེལ་བརྗོད་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ཕྱི་ཟླ་ ༣ ཚེས་ ༢༨ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱ་རིགས་ཤེས་ཡོན་ཅན་ཁག་ཅིག་གིས་ལོ་ངོ་དྲུག་ཅུའི་རིང་བོད་ནང་དཀའ་སྡུག་གི་བྱུང་བ་དང་པེ་ཅིང་གི་གནམ་སྡེ་སྒོ་མོ་ཆེའི་གནད་དོན་བྱུང་ནས་ལོ་ངོ་གསུམ་བཅུ་འཁོར་བའི་དུས་ཚིགས་མཉམ་འཁེལ་དང་བསྟུན་མཁས་པའི་བགྲོ་གླེང་ཞིག་གནང་ཞིང་། ཨ་རིའི་ནིའུ་ཡོཀ་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སྐུ་ཞབས་ཤཱ་མིང་ལགས་ཀྱིས། དེང་གི་རྒྱ་ནག་ལ་དམངས་གཙོ་གང་ཡང་མེད་པ་ང་ཚོས་ཤེས་ཀྱི་ཡོད་པས། བོད་ལ་དམངས་གཙོའི་བཅོས་བསྒྱུར་ཟེར་བ་བྱས་པ་དེ་བས་གང་འདྲ་ཟེ་ཡོང་སྲིད་ཀྱི་རེད་དམ། དེར་བརྟེན་འདི་ནི་ཁུངས་ལུང་མེད་པ་རང་རེད། ཕྱོགས་གཞན་ཞིག་ནས་དོན་དངོས་ཐོག་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདས་པའི་ལོ་ངོ་དྲུག་ཅུའི་བཙན་བྱོལ་གྱི་དུས་ཚོད་དེའི་རིང་བཙན་བྱོལ་བོད་མི་ཚོ་དོན་ངོ་མའི་དམངས་གཙོའི་ལམ་བུའི་ཐོག་སྣེ་ཁྲིད་གནང་སྟེ་དམངས་གཙོའི་སྒྲིག་གཞི་འཐུས་ཚང་ཞིག་བཙུགས་གནང་པའི་མཛད་རྗེས་ལ་རྒྱ་ནག་གཞུང་གིས་འགོག་རྒོལ་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།