ང་ཚོ་འདིར་འཛོམས་པ་རྒྱ་མི་རིགས་ལ་ངོ་རྒོལ་ཆེད་མིན།


2017.05.10
བཞུགས་སྒར་དུ་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོཊ་པར་ཕེབས་པའི་དགའ་བསུའི་མཛད་སྒོའི་སྐབས། ༢༠༡༧།༥།༡༠ བཞུགས་སྒར་དུ་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོཊ་པར་ཕེབས་པའི་དགའ་བསུའི་མཛད་སྒོའི་སྐབས། ༢༠༡༧།༥།༡༠
OHHDL

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པར་བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་སྣེ་ལེན་མཛད་སྒོའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁྱེད་ཚོས་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་དང་བདེན་པའི་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞེས་བཀའ་སློབ་སྩལ་འདུག
དེ་ཡང་ཟླ་བ་འདིའི་སྤྱི་ཚེས་༡༠ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག བོད་མིའི་སྒྲིག་འཛུགས་ནས་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ལ་དགའ་བསུའི་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་དང་། མཛད་སྒོའི་སྟེང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་སྐབས། བོད་ཀྱི་བདེན་པའི་འཐབ་རྩོད་ཞི་བའི་ལམ་ནས་ངེས་པར་སེལ་ཐུབ་རྒྱུ་ཡིན་པ་དང་། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་དང་བདེན་པར་རྒྱབ་སྐྱོར་གྱི་རྣམ་འགྱུར་བོད་རྒྱ་ཆེའི་མི་དམངས་ལ་བསྟན་པར་ཐུགས་རྗེ་ཆེ་ཞེས་དང་། དེ་རིང་ང་ཚོ་འདིར་འཛོམས་པ་དེ་རྒྱ་མི་རིགས་ལ་ངོ་རྒོལ་བྱས་བ་དེ་འདྲ་རྩ་བ་ནས་མ་ཡིན་པས། རྒྱ་ནག་གཞུང་གི་གསར་འགྱུར་ནང་ཁ་བྲལ་གཏོང་བཞིན་པ་དང་ལོག་སྤྱོད་བྱ་སྤྱོད་སྤེལ་ཚུལ་སྐོར་བཤད་སྲིད་མོད། དེ་འདྲ་མ་རེད། ང་ཚོས་རྒྱ་མི་རིགས་ལ་གྲོགས་པོའི་འདུ་ཤེས་དང་། ལོ་རྒྱུས་ཐོག་འབྲེལ་བ་ཡོད་པ་གཉིས་ཕན་གྱི་བསམ་བློ་གཏོང་གི་ཡོད་མ་གཏོགས་དགྲ་དང་གཉེན་གྱི་སྐད་ཆ་རྩ་བ་ནས་མ་རེད་ཅེས་སོགས་བཀའ་སློབ་སྩལ་ཡོད་པ་རེད།

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་མཆོག་གིས་གཞུང་འཛིན་གྱི་འགན་འཁུར་བཞེས་པའི་སྐབས་འདིར། ཨ་མི་རི་ཀས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གིས་ཐུགས་རེ་གནང་བཞིན་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་བཞི་ལ་དབྱིན་ཇིའི་རྒྱལ་པོ་Charles III ཡི་ཁྲི་འདོན་གྱི་རྟགས་མ་དང་ཕྱག་ཁྱེར་ཐོབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎