རྒྱ་གར་གྱི་སྲིད་བློན་མཆོག་གིས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་གནང་འདུག

2021-07-06
Share
རྒྱ་གར་གྱི་སྲིད་བློན་མཆོག་གིས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་གནང་འདུག རྒྱ་གར་གྱི་སྲིད་བློན་མཆོག་གིས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་གནང་བ། ༧།༦།༢༡
སྒྲིག་བཟོ།/RFA

ད་རེས་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ན་རེན་དྷར་མུ་དྷི་(Narendra Modi)་མཆོག་གིས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན། ༧གོང་ས་མཆོག་ལ་ཞལ་པར་བརྒྱུད་འཁྲུངས་སྐར་འཚམས་འདྲི་དང་སྐུ་ཁམས་གསལ་བཞུགས་ཡོང་བའི་འཚམས་འདྲི་ཞུས་གནང་ཡོད་པ་ཁོང་སྐུ་སྒེར་གྱི་(Twitter)་དྲ་བར་བཀོད་གནང་འདུག སྲིད་བློན་མཆོག་ལ་(Twitter)་དྲ་བའི་རྗེས་འབྲངས་པ་མི་གྲངས་བྱེ་བ་དྲུག་དང་འབུམ་དགུ་བཅུ་གོ་བཞི་ལྷག་ཙམ་ཡོད་པ་དང་། ད་རེས་ཡོངས་གྲགས་མངོན་གསལ་དོད་པོས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་གནང་བ་ཐོག་མ་དེ་ཡིན་པ་རེད།
དེ་བཞིན་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་ལྡི་ལི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཨར་ཝིན་ཀེ་ཇི་ཝལ་(Arvind Kejriwal)་མཆོག་གིས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་(Twitter)་དྲ་ལམ་བརྒྱུད་འཚམས་འདྲི་ཞུས་གནང་བ་དང་། ང་ཚོའི་མངའ་སྡེ་གཞུང་གི་སློབ་གྲྭ་ཁག་གི་ནང་༧གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་གཞིར་བཟུང་བདེ་སྐྱིད་ཀྱི་སློབ་ཚན་སློབ་ཁྲིད་བྱེད་ཐུབ་པ་དེ་སྐལ་པ་བཟང་པོ་ཞིག་ཡིན་པ་བཅས་གསུངས་གནང་འདུག
གཞན་ཡང་རྒྱ་གར་དབུས་གཞུང་གི་རྩེད་རིག་དང་ན་གཞོན་བློན་ཆེན་སྐུ་ཞབས་(Kiren Rijiju)་ལགས་དང་། ཨོ་རི་ས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Naveen Patnaik)་ན་ཝིན་པཊ་ནེ་ཡག་ལགས་དང་། མཊ་དྷའི་པར་དྷེ་ཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Shivraj Singh Chouhan)་ཤེབ་རཇཱ་སིང་ཅོ་ཧན་ལགས། ཨ་རུ་ན་ཅལ་སྤར་དྷེ་ཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་( Pema Khando)་པདྨ་མཁའ་འགྲོ། མེ་གྷ་ལ་ཡ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Conrad Sangma)་ཀོན་རཊ་སང་ལགས། པན་ཇབ་མངའ་སྡེའི་སྤྱི་ཁྱབ་བློན་(Amarinder Singh)་ལགས། འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Prem Singh Tamang) རྒྱ་གར་གཞུང་གི་འགྲིམ་འགྲུལ་བློན་ཆེན་( Hardeep Singh Puri)་ཧར་དྷིབ་སིང་པུ་རི། རྒྱ་གར་དབུས་གཞུང་གི་ལམ་ཐོག་སྐྱེལ་འདྲེན་ལས་ཁང་གི་བློན་ཆེན་(Nitin Gadkari)ནི་དྷན་གྡ་ག་རི་བཅས་ཀྱིས་སོ་སོར་སྐུའི་འཁྲུངས་སྐར་ལ་དྲ་ལམ་བརྒྱུད་འཚམས་འདྲི་ཞུས་གནང་འདུག
རྒྱ་གར་གྱི་སྲིད་བློན་གཙོས་བློན་ཆེན་ཁག་ཅིག་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཁོང་ཚོས་ཀྱང་ད་རེས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་མངོན་གསལ་ཡོངས་གྲགས་ངང་འཚམས་འདྲི་ཞུས་གནང་བ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།