༧གོང་ས་མཆོག་གིས་སོག་པོའི་ནང་པ་གཞོན་ནུ་༣༠ ཙམ་ལ་དགེ་ཚུལ་གྱི་སྡོམ་པ་སྩལ་འདུག

2018-10-08
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་སོག་པོའི་ནང་པ་གཞོན་ནུ་༣༠ ཙམ་ལ་དགེ་ཚུལ་གྱི་སྡོམ་པ་སྩལ་སྐབས། ༢༠༡༨།༡༠།༨
༧གོང་ས་མཆོག་གིས་སོག་པོའི་ནང་པ་གཞོན་ནུ་༣༠ ཙམ་ལ་དགེ་ཚུལ་གྱི་སྡོམ་པ་སྩལ་སྐབས། ༢༠༡༨།༡༠།༨
OHHDL

བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་ནང་པ་གཞོན་ནུ་༣༠ ཙམ་ལ་དགེ་ཚུལ་གྱི་སྡོམ་པ་སྩལ་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་སུ་བཅར་མཁན་ཁོངས་སུ་སོག་ཡུལ་གྱི་ནང་པའི་གཞོན་ནུ་བཅུ་ཕྲག་འགའ་ཤས་ཡོད་ཅིང་།  ཁོང་ཚོ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་མདུན་ནས་རབ་བྱུང་གྱི་སྡོམ་པ་ཞུ་མཁན་ཡིན་པ་ལྟར། ་ཕྱི་ཟླ་ ༡༠ ཚེས་ ༨ ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པའི་ན་ཆུང་ ༣༠ ཙམ་ལ་དགེ་ཚུལ་གྱི་སྡོམ་པ་སྩལ་གནང་མཛད་ཡོད་པ་དང་། དེའི་ལྷག་འཕྲོས་ན་གཞོན་ ༥༩ ལ་ཕྱི་ཚེས་ ༩ ཉིན་དགེ་ཚུལ་སྒྲུབ་པ་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༨ ཉིན་དགེ་ཚུལ་གྱི་སྡོམ་པ་ཞུ་མཁན་གྱི་སོག་པོའི་གཞོན་ནུ་དེ་དག་ལ་༧གོང་ས་མཆོག་གིས་བཀའ་སློབ་གནང་སྐབས། སོག་པོ་དང་བོད་དབར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་དང་། སོག་ཡུལ་ནི་ཕ་མེས་ཀྱི་དུས་ནས་ནང་པ་ཡིན་པས་སངས་རྒྱས་ཀྱི་ཆོས་ལ་སློབ་གཉེར་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་གནང་ཞིང་། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་གཞོན་ནུ་དེ་དག་གདན་སར་སློབ་གཉེར་བྱས་ཏེ་མ་འོངས་པར་སོག་པོ་དང་ཁྱིམ་མཚེས་ཡུལ་གྲུ་ཁག་ཏུ་སངས་རྒྱས་ཀྱི་བསྟན་པ་སླར་གསོ་ཚད་ལྡན་བྱེད་ཐུབ་པ་ཞིག་བྱ་གལ་ཆེ་བའི་བཀའ་སློབ་གནང་ཡོད་པ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་རྒན་བསམ་བསྟན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད་པ་རེད།
སོག་པོའི་གཞོན་ནུ་དེ་དག་དེ་དག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞི་ཆགས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ནང་ཆོས་ཞུགས་ཐོག་སློབ་གཉེར་འགོ་འཛུགས་བྱེད་རྒྱུ་ཡིན་ཞིང་། སོག་པོའི་གྲྭ་རྒྱུན་དེ་དག་སོག་ཡུལ་གྱི་ས་གནས་མི་འདྲ་བ་བདུན་ཙམ་གནས་ཆེད་འདུས་བྱས་པ་ཡིན་འདུག

གསར་འགོད་པ་ཨྱོན་བསྟན་འཛིན་དང་། རྡོ་རྗེ་མཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།