༧གོང་ས་མཆོག་(Botswana)་ནང་ཆིབས་བསྒྱུར་གནང་རྒྱུ་རེད།


2017.07.03
༧གོང་ས་མཆོག་རྒྱ་གར་གྱི་གསར་ལས་ཁང་གྲགས་ཅན་Indian Express ཡི་དམིགས་བསལ་གླེང་སྟེགས་སུ། ༢༠༡༧།༥།༢༣ ༧གོང་ས་མཆོག་རྒྱ་གར་གྱི་གསར་ལས་ཁང་གྲགས་ཅན་Indian Express ཡི་དམིགས་བསལ་གླེང་སྟེགས་སུ། ༢༠༡༧།༥།༢༣
OHHDL

བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རིང་མིན་(Botswana)་ནང་ཆིབས་བསྒྱུར་བསྐྱང་གནང་རྒྱུ་ཡིན་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་བརྒྱད་པའི་ཚེས་༡༧་ནས་ཚེས་༡༩་ཉིན་གྲངས་གསུམ་རིང་ལྷོ་ཨ་ཧྥེ་རི་ཀའི་ཡུལ་གྲུ་(Botswana) ནང་ཆིབས་བསྒྱུར་བསྐྱང་གནང་སྟེ་སེམས་དང་སྲོག་གི་སྐོར་ལ་དེར་ཡོད་མཁས་པ་ཚོ་དང་། ཚན་རིག་པའི་ལྷན་དུ་བགྲོ་གླེང་གནང་རྒྱུ་ཡིན་ཞིང་། ༧གོང་ས་མཆོག་(Botswana) ནང་ཆིབས་བསྒྱུར་བསྐྱང་རྒྱུ་དེ་བཞིན་ཁུལ་དེིའི་ནང་ཡོད་པའི་སེམས་དང་སྲོག་གི་ལྟེ་གནས་ཁང་གི་སེམས་ཁམས་ཚན་རིག་པ་སྐུ་ཞབས་(Karen Fitzgeral)་ནས་གདན་ཞུ་གནང་བ་ཞིག་ཡིན་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་(Botswana)་ནང་ཉིན་གྲངས་གསུམ་རིང་བཞུགས་བཞག་གནང་རྒྱུན་རིང་གོང་ཞུས་བཞིན་མཁས་པ་ཁག་དང་། ཚན་རིག་པའི་དབར་སེམས་དང་སྲོག་གི་སྐོར་བགྲོ་གླིང་གནང་རྒྱུ་དང་། དེ་ག་ནང་བཞིན་དེར་ཡོད་དད་ལྡན་མི་མང་ཚོར་ནང་པའི་ལྟ་སྒྲུབ་དང་འབྲེལ་བའི་ཐོག་ནས་བཀའ་སློབ་སྩལ་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་Botswana ནང་ཆིབས་བསྒྱུར་གནང་རྒྱུར་Botswana་སྲིད་འཛིན་ལ་ཐུགས་མོས་ཆེན་པོ་ཡོད་པའི་ཐོག་ཡུལ་དེའི་ནང་གི་མཛད་འཆར་ཐོག་མ་དེ་(Botswanan)་ཡི་སྲིད་འཛིན་(Ian Khama)མཆོག་གི་དབུ་ཚུགས་གནང་གི་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎