༧གོང་ས་མཆོག་གིས་ཨ་རིའི་ནང་གི་རླུང་འཚུབ་དྲག་པོའི་གོད་ཆགས་ཐད་ཐུགས་གསོ་མཛད་འདུག

2021-12-14
Share
༧གོང་ས་མཆོག་གིས་ཨ་རིའི་ནང་གི་རླུང་འཚུབ་དྲག་པོའི་གོད་ཆགས་ཐད་ཐུགས་གསོ་མཛད་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
OHHDL

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཟླའི་ཚེས་༡༣་ཉིན། ཨ་མི་རི་ཀའི་སྲིད་འཛིན་(Joe Biden)་མཆོག་གི་མཚན་ཐོག་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་ནས། ཉེ་ཆར་ཨ་རིའི་མངའ་སྡེ་(Arkansas)་དང་། (Illinois) (Kentucky) (Missouri) དེ་བཞིན་(Tennessee)་བཅས་ཀྱི་ནང་རླུང་འཚུབ་དྲག་པོ་རྒྱབ་པའི་རྐྱེན་གྱིས་མི་རྒྱུ་ཟོག་གསུམ་སོགས་ལ་གོད་ཆག་ཚབས་ཆེ་བྱུང་བའི་གནས་ཚུལ་གསན་པར་ཐུགས་འཚབ་ཆེན་པོ་དང་བཅས། ཨ་རིའི་དབུས་གཞུང་དང་མངའ་སྡེའི་གཞུང་ནས་རྐྱེན་ངན་གོད་ཆག་ཕོག་པའི་ས་ཁུལ་ཁག་ལ་གང་ཐུབ་ཀྱི་སྐྱོབ་གསོའི་རོགས་རམ་མགྱོགས་ཚད་མྱུར་པོའི་ངང་གནང་དང་གནང་བཞིན་པར་༧མགོན་པོ་གང་ཉིད་ནས་རྗེས་སུ་ཡི་རང་ཞུ་ཡི་ཡོད་ཅེས་དང་། ༧མགོན་པོ་གང་ཉིད་དེ་སྔོན་ཨ་རིའི་མངའ་སྡེ་དེ་དག་གི་ནང་ཆིབས་བསྒྱུར་བསྐྱངས་མྱོང་ཡོད་པ་དང་། རླུང་འཚུབ་དྲག་པོའི་གོད་ཆག་ཁྲོད་དུ་འདས་གྲོངས་སུ་ཕྱིན་པའི་ཤུལ་ལུས་ནང་མི་སྤུན་མཆེད་དང་། དེ་བཞིན་རླུང་ཚུབ་དྲག་པོའི་གོད་ཆག་ཐེབས་མཁན་མི་མང་ཡོངས་ལ་ཐུགས་གསོ་མཛད་ཀྱི་ཡོད་པ་གསུང་འདུག
འདས་པའི་རེས་གཟའ་སྤེན་པའི་མཚན་མོ་དང་རེས་གཟའ་ཉི་མའི་སྔ་དྲོར་ཨ་རིའི་ལྷོ་ཤར་དང་ནུབ་དབུས་མངའ་སྡེ་ཁག་དྲུག་ནང་རླུང་འཚུབ་དྲག་པོ་གཡུག་ནས་ཨ་རིའི་རྒྱལ་རབས་ལོ་རྒྱུས་ནང་རླུང་འཚུབ་རྒྱུན་རིང་ཤོས་དེ་རྒྱབ་པའི་རྐྱེན་གྱིས། ཉུང་མཐར་ཡང་ད་བར་དུ་མི་གྲངས་༧༠་ཙམ་རྐྱེན་འདས་སུ་ཕྱིན་འདུག་ལ་མངའ་སྡེ་(Kentucky)་ནང་གི་གྲོང་ཁྱེར་གཉིས་ལ་གོད་ཆགས་ཚབས་ཆེ་ཤོས་ཕོག་འདུག ཡང་མངའ་སྡེ་(Illonois)་ཡི་གྲོང་ཁྱེར་(St. Louis)་ཡི་ཉེ་འགྲམ་དུ་ཡོད་པའི་ཨ་མ་ཛོན་(Amazon)་ཁེ་གཉེར་ལས་ཁང་གི་ཚོང་ཟོག་དོ་ཁང་ཆེན་པོ་ཞིག་ཡོད་པ་ཡོངས་སུ་རླུང་འཚུབ་ཁྲོད་ཤོར་ནས་མི་མང་པོར་རྨས་སྐྱོན་ཕོག་ཡོད་པ་དང་། ད་ཆ་བསྡོམས་པས་མི་རྐྱེན་འདས་སུ་ཕྱིན་པའི་གྲངས་འབོར་བརྒྱ་ལ་ཉེ་བར་འཕར་འདུག

གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།