རྒྱ་གར་གྱི་གནའ་དེང་ཤེས་ཡོན་ཟུང་འབྲེལ་དགོས་པ། ༸གོང་ས་མཆོག་གིས་བཀའ་སྩལ་བ།

2022.06.20
རྒྱ་གར་གྱི་གནའ་དེང་ཤེས་ཡོན་ཟུང་འབྲེལ་དགོས་པ། ༸གོང་ས་མཆོག་གིས་བཀའ་སྩལ་བ། རྒྱ་གར་གྱི་མངའ་སྡེ་མི་འདྲ་བ་བཅུ་དྲུག་གི་མཐོ་སློབ་ཁག་ཉི་ཤུ་རྩ་དྲུག་ནས་ཡོང་བ། རྒྱ་གར་དང་བལ་པོ། བོད་རིགས་བཅས་སློབ་ཕྲུག་༣༠ལྷག་བཞུགས་སྒར་དུ་ཡོང་སྟེ། སྤྱི་ཟླ་༦པའི་ཚེས་༢༠ཉིན་བཞུགས་སྒར་ཕོ་བྲང་དུ་༸གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ་།
OHHDL

བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གི་ཀུན་ཕན་བདེ་རྩ་ནས་གོ་སྒྲིག་གནང་སྟེ། ལོ་རེ་བཞིན་རྒྱ་གར་བ་མཐོ་སློབ་སློབ་ཕྲུག་མང་པོས་བཞུགས་སྒར་དུ་གཟིགས་སྐོར་དང་འབྲེལ།༸གོང་ས་མཆོག་ལ་མཇལ་ཁ་བཀའ་སློབ་ཞུ་རྒྱུའི་མཚོན་གུ་རུ་ཀུལ་ལས་འཆར་ཟེར་བ་ཞིག་གཉེར་བཞིན་པ་ལྟར། ཉེ་ལམ་ནས་ཀྱང་རྒྱ་གར་གྱི་མངའ་སྡེ་མི་འདྲ་བ་བཅུ་དྲུག་གི་མཐོ་སློབ་ཁག་ཉི་ཤུ་རྩ་དྲུག་ནས་ཡོང་བ། རྒྱ་གར་དང་བལ་པོ། བོད་རིགས་བཅས་སློབ་ཕྲུག་༣༠ལྷག་བཞུགས་སྒར་དུ་ཡོང་སྟེ། བོད་མིའི་ཆོས་རིག་དང་ཆབ་སྲིད་གནས་སྟངས་སོགས་ལ་རྒྱུས་ལོན་དང་ཆབས་ཅིག། སྤྱི་ཟླ་༦པའི་ཚེས་༢༠ཉིན་བཞུགས་སྒར་ཕོ་བྲང་དུ་༸གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་། རྒྱ་གར་གྱི་Jamia Millia Islamia མཐོ་སློབ་སློབ་ཕྲུག་Surbhi Mehta ལགས་ནས།༸གོང་ས་མཆོག་གིས་ལམ་སྟོན་གནང་བ་བཞིན་རྒྱ་གར་གྱི་གཞོན་སྐྱེས་ཚོས། རྒྱ་གར་གནའ་རབས་དང་དེང་རབས་ནུབ་ཕྱོགས་པའི་ཤེས་ཡོན་ཟུང་འབྲེལ་གནང་རྒྱུ་ཧ་ཅང་གལ་ཆེན་དུ་མཐོང་བ་འགྲེལ་བརྗོད་གནང་གི་འདུག ང་རང་གི་ལོ་ཚོད་དང་མཉམ་པའི་རྒྱ་གར་གཞོན་སྐྱེས་མང་པོས་སོ་སོའི་རིག་གཞུང་གི་རྩ་བ་བརྗེད་བཞིན་པ་ཡིན་སྟབས། སོ་སོ་རྒྱ་གར་བ་ཞིག་ཡིན་པའི་ཆ་ནས་རྒྱ་གར་གནའ་རབས་ཀྱི་རིག་གཞུང་དང་དེང་དུས་ནུབ་ཕྱོགས་ཀྱི་རིག་གཞུང་ཟུང་འབྲེལ་གནང་གལ་ཆེན་པོར་མཐོང་བ་དང་། དེ་ལ་༸གོང་ས་མཆོག་ནི་ལམ་སྟོན་གྱི་སྒྲོན་མེ་ཉག་གཅིག་ཏུ་གྱུར་ཡོད་པ་འགྲེལ་བརྗོད་གནང་སོང་ལ།
ཡང་རྒྱ་གར་ལྷོ་ཕྱོགས་Indra་Gandhi་National་Open་University་མཐོ་སློབ་ཀྱི་སློབ་ཕྲུག་Vinay་Gudduལགས་ནས། ༸གོང་ས་མཆོག་ལ་མཇལ་ཁ་ཞུས་ནས་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་བ་མ་ཟད། ཁོང་ཚོ་ལ་འཚེ་བ་མེད་པ་དང་སྙིང་རྗེའི་བསམ་པའི་སྐོར་ལམ་སྟོན་ཕེབས་པ་དེ། མི་རེ་རེའི་མི་ཚེའི་ནང་དགོས་གལ་ཆེན་པོར་མཐོང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
_SA14855.JPG
༸གོང་ས་མཆོག་གིས་འཚེ་བ་མེད་པ་དང་སྙིང་རྗེའི་བསམ་བློ་དགོས་པའི་ལམ་སྟོན་ལ་བརྟེན་ནས། འགྲོ་བ་མིའི་རིགས་མི་རེ་ངོ་རེ་དང་མིའི་སྤྱི་ཚོགས་བཅས་གང་ཡིན་ནའང་། ཞི་བདེ་དང་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་བསྐྱལ་ཐུབ་པར་ངེས་པ་རྙེད་སོང་བ་འགྲེལ་བརྗོད་གནང་གི་འདུག་ལ། ཀུན་ཕན་བདེ་རྩ་ཁང་གི་ལས་རིམ་འབྲེལ་མཐུད་པ་ཀུན་བཟང་ཚེ་འཕེལ་ལགས་ནས། ༸གོང་ས་མཆོག་གིས་རྒྱ་གར་གྱི་ནཱལེནྡྲའི་རིག་གཞུང་ཧ་ཅང་ཤུགས་ཆེ་རྒྱུན་འཛིན་གནང་ཡོད་པ་དེ། རྒྱ་གར་བ་གཞོན་སྐྱེས་ཚོར་ངོ་སྤྲོད་ཀྱི་ཆེད་དུ་གཙོ་ཆེར་བཞུགས་སྒར་དུ་ཁྲིད་ཡོང་བ་འགྲེལ་བརྗོད་གནང་གི་འདུག
རྒྱ་གར་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་ཆགས་པ་༸གོང་ས་མཆོག་གི་ཀུན་ཕན་བདེ་རྩ་ཁང་ནི། སྤྱི་ལོ་༡༩༨༩ལོར་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བའི་གཟེངས་རྟགས་ཐོབ་སྐབས་དང་བསྟུན་ནས་བཙུགས་པ་དང་། གུ་རུ་ཀུལ་ལས་རིམ་འདི་ནི་ད་ལྟ་ཐེངས་མ་༢༦པ་དེ་ཆགས་ཀྱི་ཡོད་པ་དང་། ཟླ་བ་གཅིག་རིང་གི་ལས་རིམ་དེར་རྒྱ་གར་སློབ་ཕྲུག་ཚོ་བོད་མིའི་སྒྲིག་འཛུགས་དང་དཔེ་མཛོད་ཁང་། ནོར་བུ་གླིང་ག་སོགས་ལ་ཁྲིད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎