༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་མཛད་པ།


2019.12.14
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་མཛད་པ། དཔལ་ནཱ་ལེནྜའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དང་། ལྕང་སྐྱ་རོལ་བའི་རྡོ་རྗེའི་ལྟ་བའི་གསུང་མགུར་ཟབ་མོ་བཅས་ཀྱི་ཆོས་འབྲེལ་སྩལ་བ།
སྒོ་མང་གྲྭ་ཚང༌།

༄༅། །ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་དང་། དཔལ་ནཱ་ལེནྜའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དང་། ལྕང་སྐྱ་རོལ་བའི་རྡོ་རྗེའི་ལྟ་བའི་གསུང་མགུར་ཟབ་མོ་བཅས་ཀྱི་ཆོས་འབྲེལ་སྩལ་སོང་། དེ་ཡང་མགོན་པོ་གང་ཉིད་ཀྱིས་ཆོས་ར་གསར་པའི་ནང་༧ཞབས་སོར་འཁོད་དེ་སྣང་གསལ་མར་མེ་ཞལ་ཕྱེ་དང་། སྐུ་གསུང་ཐུགས་རྟེན་ལ་རབ་གནས་བྱིན་འབེབས་མཛད་གྲུབ་མཚམས་བཞུགས་ཁྲིར་༧ཞབས་སོར་འཁོད་བསྟུན་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་མཎྡལ་རྟེན་གསུམ་འདེགས་འབུལ་དང་། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ཚན་རིག་ཟེར་དུས་ང་ཚོའི་མཁན་པོ་དང་བླ་མ་དེ་ཚོས་ཕྲན་བུ་ཐག་རིང་པོ་བཞག་གནང་བ་དང་། ངོས་ཀྱི་ངོ་ཤེས་པ་ཁ་ཤས་ཀྱིས་ཚན་རིག་ཟེར་ན་ཆོས་ལ་དད་པ་མེད་པ་བཟོ་མཁན་རེད་དེར་གཟབ་གཟབ་བྱེད་དགོས་ཞེས་བརྗོད་མཁན་ཡང་བྱུང་མྱོང་། འོན་ཀྱང་དངོས་ཡོད་གནས་ཚུལ་ནི་བོད་ཀྱི་སངས་རྒྱས་པའི་ཆོས་ནི་ལེགས་སྦྱར་གྱི་ཆོས་བརྒྱུད་སངས་རྒྱས་པའི་ཆོས་གཙོ་བོ་ཆགས་ཡོད། པཱ་ལིའི་ཆོས་བརྒྱུད་ནི་སངས་རྒྱས་ཀྱི་ཆོས་འཁོར་དང་པོ་གསུང་པའི་སྐབས་བསླབ་པ་གསུམ་དང་འབྲེལ་ནས་སྡེ་སྣོད་གསུམ་ཞེས་པཱ་ལིའི་གཞུང་ནང་ཡོད་པ་འདི་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་ཆགས་ཡོད། དེ་ནས་དེའི་ཚེ་དེའི་དུས་རྒྱ་གར་ལ་ཤེས་ཡོན་ཅན་ཚོས་ལེགས་སྦྱར་གྱི་སྐད་ཐོག་ནས་རྒྱ་གར་གྱི་ཤེས་ཡོན་སྐོར་དེ་དག་འཛིན་བཞིན་པ་གཙོ་བོ་ཆགས་ཡོད། དེ་ནས་བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་པོའི་རིར་འཁོར་ལོ་བར་པ་གསུང་བའི་སྐབས་ཤེས་ཡོན་གཙོ་བོ་བྱས་ནས་ཤེར་ཕྱིན་གྱི་གཞུང་གསུང་པ་དེ་དག་ལེགས་སྦྱར་སྐད་ནང་ཡོད་པ་རེད། དེ་ནས་རིམ་པས་ནཱ་ལེནྜར་ལེགས་སྦྱར་གྱི་ཆོས་བརྒྱུད་གཙོ་བོ་བྱས་ནས་དར་བ་རེད། དེའི་དུས་རྒྱ་གར་གྱི་ཤེས་ཡོན་ཆ་ཚང་ཡོད་པ་ལྟ་བུ་འདུག དེའི་ཚེ་དེའི་དུས་ཚན་རིག་དར་མེད། གལ་ཏེ་དེང་དུས་ཀྱི་ཚན་རིག་སྐབས་དེར་ཡོད་ན། ནཱ་ལེནྜའི་མཁས་པ་ཚོས་ངེས་པར་སློབ་སྦྱོང་བྱེད་ཀྱི་རེད། དཔལ་ནཱ་ལེནྜའི་ལེགས་སྦྱར་གྱི་ཆོས་རྒྱུད་དེ་ཚན་རིག་དང་ལྷན་དུ་འགྲོ་ཐུབ་པ་བྱུང་ན་སངས་རྒྱས་ཀྱི་བསྟན་པས་འཛམ་གླིང་གི་མི་མང་པོ་ལ་ཕན་ཐོགས་བྱེད་ཐུབ་ཀྱི་རེད་ཅེས་བཀའ་སྩལ་གནང་མཛད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷོསི་ཊོན་གཟའ་མཇུག་བོད་ཡིག་སློབ་གྲྭ
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་བལ་ཡུལ་ལ་ཨ་སྒོར་ས་ཡ་ ༢༠ རོགས་སྐྱོར་བྱ་རྒྱུ་སོགས་དོན་ཚན་དགུ་ཅན་གྱི་གྲོས་མཐུན་ལ་མཚན་རྟགས་བསྐྱོན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎