གྲོས་མོལ་ནི་སྟོབས་མེད་དང་སྐྱོན་ཆའི་རང་བཞིན་གྱི་རྟགས་མཚན་ཞིག་མིན་པར་རྣམ་དཔྱོད་ལྡན་པའི་བློ་གྲོས་ཤིག་རེད།

2017-12-31
གློག་འཕྲིན།
མཆན།
Share
པར་བཀོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་༢༡པ་དེ་བཞིན་གྲོས་མོལ་གྱི་དུས་རབས་ཤིག་བཟོ་བསྐྲུན་དགོས་སྐོར་བཀའ་སྩལ་གནང་མཛད་པ།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་༢༡པ་དེ་བཞིན་གྲོས་མོལ་གྱི་དུས་རབས་ཤིག་བཟོ་བསྐྲུན་དགོས་སྐོར་བཀའ་སྩལ་གནང་མཛད་པ།
དགའ་ལྡན་ཕོ་བྲང༌།

༄༅། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་འདིའི་ནང་འགྲོ་བ་མིའི་རིགས་ཡོངས་རྫོགས་ཞི་མཐུན་མཉམ་གནས་ཡོང་ཕྱིར་དུས་རབས་༢༡་པ་དེ་བཞིན་གྲོས་མོལ་གྱི་དུས་རབས་ཤིག་བཟོ་བསྐྲུན་དགོས་པ་དང་གྲོས་མོལ་ནི་སྟོབས་མེད་དང་སྐྱོན་ཆའི་རང་བཞིན་གྱི་རྟགས་མཚན་ཞིག་མིན་པར་རྣམ་དཔྱོད་ལྡན་པའི་བློ་གྲོས་ཤིག་ཡིན་སྐོར་བཀའ་སྩལ་གནང་མཛད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་གནང་སྟེ་ལོ་༥༠་འཁོར་བའི་དུས་ཆེན་སྲུང་བརྩི་དང་བསྟུན་ནས་རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་ཀྱི་སེམས་ཁམས་རིག་པ་དང་དེང་དུས་ཚན་རིག་དབར་ཕྱི་ཚེས་༣༠་ས་དང་༣༡་ཉིན་གཉིས་རིང་གི་རྒྱལ་སྤྱིའི་མཁས་དབང་གི་བགྲོ་གླེང་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་༸ཞབས་སོར་འཁོད་གནང་མཛད་ནས་བཀའ་སློབ་སྩལ་དོན།འཛམ་གླིང་འདིའི་ནང་མི་མཐུན་པའི་གནད་དོན་གང་འདྲ་ཞིག་ཡོད་རུང་ དེ་དག་གྲོས་མོལ་དང་བཀའ་བསྡུར་གནང་སྟེ་སེལ་ཐབས་དགོས་པ་དང་དུས་རབས་༢༡་པ་དེ་བཞིན་ཞི་བདེ་ལྡན་པའི་དུས་རབས་ཤིག་བཟོ་བསྐྲུན་ཆེད་དུས་རབས་༢༡་དེ་བཞིན་གྲོས་མོལ་གྱི་དུས་རབས་ཤིག་ཏུ་ཡར་རྒྱས་གོང་འཕེལ་གཏོང་དགོས་པ་དང་། གྲོས་མོལ་ནི་སྟོབས་ཤུགས་མེད་པ་དང་སྐྱོན་ཆའི་རང་བཞིན་ཞིག་མིན་པར་་དེ་ནི་རྣམ་དཔྱོད་ལྡན་པའི་བློ་གྲོས་ཤིག་ཡིན་སྐོར་བཀའ་སློབ་སྩལ་གནང་མཛད་འདུག།  ཡང་༸གོང་ས་མཆོག་གིས་གནའ་སྔ་མོའི་དུས་སུ་དམག་ཟེར་དུས་རང་གི་དགྲ་བོ་ཕམ་ཉེས་གཏོང་རྒྱུར་གོ་བ་ལེན་གྱི་ཡོད་རེད། ཡིན་ནའང་དེང་གི་དུས་སུ་ཞི་བདེ་སྤྱོད་རྒྱུ་ནི་སྟོབས་ཤུགས་ཚད་མེད་ཀྱི་གོ་མཚོན་ལག་ཆ་ཡིན་སྐོར་དང་གྲོས་མོལ་བྱ་རྒྱུ་ནི་ནུས་སྟོབས་མེད་པ་དང་སྐྱོན་ཆའི་རང་བཞིན་ལྡན་པའི་རྟགས་མཚན་མ་ཡིན་པར་དེ་ནི་རྣམ་དཔྱོད་ལྡན་པའི་བློ་གྲོས་ཤིག་ཡིན་པ་དང་དེང་སྐབས་རྒྱལ་ཁབ་མང་པོར་རྡུལ་ཕྲན་མཚོན་ཆ་ཡོད་སྟབས་གལ་ཏེ་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱས་ཚེ་གནོད་སྐྱོན་ཚབས་ཆེ་གཏོང་ཉེན་ཡོད་ལ། འདས་པའི་ལོ་སྟོང་ཕྲག་མང་པོའི་རིང་འགྲོ་བ་མིའི་རིགས་ཀྱིས་རང་གི་རིག་པ་དེ་གཏོར་རྒོལ་གཏོང་རྒྱུར་མཚམས་རེ་བེད་སྤྱོད་བྱས་ཡོད་ལ་ དུས་ད་ལྟའི་ཆར་ཡང་ང་ཚོས་དྲག་ཤུགས་བེད་སྤྱོད་གཏོང་རྒྱུར་ཡིད་ཆེས་བྱས་པའི་རྐྱེན་གྱིས་Aghanistan དང་སི་རི་ཡ་Yemen སོགས་ནང་མི་གསོད་ཁྲག་སྦྱོར་བྱེད་མུས་རེད། ང་ཚོ་འགྲོ་བ་མིའི་རིགས་གཅིག་གྱུར་ཡིན་སྟབས་ས་གནས་གང་གི་ནང་དུ་ཡང་འགྲོ་བ་མིའི་རིགས་ལ་དཀའ་སྡུག་མྱང་ཚེ་དེ་ཡིས་ང་ཚོར་དོ་ཕོག་མ་བྱུང་བར་གནས་ཐབས་མེད། དེང་སྐབས་གོ་ལ་གཅིག་གྱུར་གྱི་དཔལ་འབྱོར་དང་འཛམ་གླིང་གི་ཚ་དྲོས་རྒྱས་པའི་འཕེལ་རིམ་འདིའི་འོག་འགྲོ་མིའི་རིགས་ཡོངས་རྫོགས་འཛམ་གླིང་འདིའི་ནང་གཅིག་ལ་གཅིག་བརྟེན་ནས་གནས་དགོས་པ་དང་ད་ཆ་འཛམ་གླིང་འདིའི་ནང་འགྲོ་བ་མིའི་རིགས་ཐེར་འབུམ་བདུན་ཡོད་པ་ཡོངས་གཅིག་གྱུར་ཡིན་པའི་འདུ་ཤེས་ཡར་རྒྱས་གོང་འཕེལ་གཏོང་དགོས་པའི་བཀའ་སློབ་སོགས་སྩལ་འདུག།
གསར་འགོད་པ་སེངྒེ་རི་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།