༸གོང་ས་མཆོག་དང་རྒྱ་རིགས་མཁས་དབང་ཁག་ཅིག་མཇལ་བ།

༸གོང་ས་མཆོག་ཉེ་ཆར་ཨ་རིའི་ནང་ཆིབས་བསྒྱུར་གནང་བའི་སྐབས་རྒྱ་རིགས་མཁས་དབང་ཁག་ཅིག་དང་ལྷན་དུ་མཇལ་འཕྲད་གནང་ཡོད་འདུག
2008-07-30
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་ཆར་ཨ་རིའི་ནང་ཆིབས་བསྒྱུར་གནང་བའི་སྐབས། རྒྱ་རིགས་མཁས་དབང་ཁག་ཅིག་དང་ལྷན་དུ་མཇལ་འཕྲད་གནང་ཡོད་འདུག

བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང༌། ཁ་ས་གནས་ཚུལ་བཀོད་ཐོན་བྱུང་བར་ལྟར་ན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་ ༢༦ ཉིན་ཨ་རིའི་ནུབ་ཕྱོགས་ཀོ་ལོ་རེ་ཌོའི་མངའ་སྡེའི་ནང༌ཆིབས་བསྒྱུར་བསྐྱངས་གནང་བའི་སྐབས་སུ་ ཨེ་སི་པེན་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཕྱག་ལས་གནང་མཁན་རྒྱ་རིགས་མཁས་དབང་བདུན་དང་མཇལ་འཕྲད་ཀྱིས་དགོངས་ཚུལ་བརྗེ་ལེན་གནང་ཡོད་འདུག།

མཛད་རིམ་གྲུབ་པའི་རྗེས་སུ་འབྲེལ་ཡོད་མི་སྣ་མང་པོ་ཞིག་འདུ་འཛོམས་ཐོག་མིའི་རིན་ཐང་ལྡན་པའི་ཐོག་ནས་འགོ་འཁྲིད་གནང་ཕྱོགས་དང༌། སྤྱིར་འཁྲིད་པའི་ལས་འགན་ཞེས་པའི་བརྗོད་གཞིའི་ཐོག་གསུངས་བཤད་གནང་བའི་ནང་དོན་གཙོ་བོར། དེང་སང་གི་དུས་ཚོད་འདིར་འཛམ་གླིང་ནང་འགྲོ་བ་མིའི་སྤྱིའི་བདེ་སྡུག་ལ་བསམ་ཤེས་མི་བྱེད་པར་མི་རིགས་དང༌། ཆོས་ལུགས་སོགས་ཀྱི་མིང་ཐོག་ནས་མིས་ཆེད་བཟོས་ཀྱི་ཐོག་ནས་འཁོན་འཁྲུགས་ཡོང་གི་ཡོད་རེད། ཡིན་ནའང་དངོས་ཡོད་གནས་སྟངས་ནི་ཕྱིའི་གཟུགས་ཙམ་ལས་མི་ཚང་མའི་དགོས་འདུན་གཅིག་མཚུངས་རེད་ཅེས་བཀའ་གནང་བ་དང༌། སྤྱི་པའི་འགོ་འཁྲིད་ཅིག་བྱེད་པ་ལ་ངེས་པར་དུ་ཁྱེད་ཆོས་ཚང་དགོས་པ་ཞིག་ལ་དྲང་བདེན་དང༌། ཕྱི་གསལ་ནང་གསལ། དགེ་སྐྱོན་ག་འདྲ་ཞིག་ཡིན་རུ་ཐད་ཀར་གསལ་པོ་བཤད་ཐུབ་པའི་ཁྱད་ཆོས་ཚང་བ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་འདུག།

ཡང་མང་ཚོགས་ནས་རྒྱ་ནག་གཞུང་ནས་༸གོང་ས་མཆོག་ལ་མཚན་སྨད་ཞུ་བའི་ལས་འགུལ་མུ་མཐུད་སྤེལ་བཞིན་པ་དེའི་ཐོག་དགོངས་ཚུལ་བཀའ་འདྲི་ཞུས་པའི་སྐབས། སྐུ་སྒེར་གྱི་ངོས་ནས་ཐུགས་ཁྱད་གང་ཡང་མི་འདུག། འོན་ཀྱང་རྒྱ་ནག་གཞུང་གི་ངོས་ནས་བོད་མི་ཚོར་༸གོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུར་བཙན་བཀའ་བཏང་བའི་བྱ་སྤྱོད་དེ་ནི་བོད་མིའི་ཆོས་དད་རང་དབང་དང༌། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་བཏང་བའི་བྱ་སྤྱོད་ཅིག་རེད་ལ་དེ་ནི་དཀའ་རྙོག་ཅིག་ཀྱང་རེད་ཅེས་བཀའ་ལན་གནང་ཡོད་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།