ཧོང་ཀོང་གི་བརྒྱུད་ལམ་ཁག་གི་ནང་རིན་མེད་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་ཁྱབ་བསྒྲགས་བྱེད་དགོས་བ་བརྗོད་འདུག

2023.02.14
ཧོང་ཀོང་གི་བརྒྱུད་ལམ་ཁག་གི་ནང་རིན་མེད་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་ཁྱབ་བསྒྲགས་བྱེད་དགོས་བ་བརྗོད་འདུག ཧོང་ཀོང་ནང་། ༠༧།༠༡།༢༠༢༠
AFP

སྤྱི་ཚེས་༡༤ཉིན་ཧོང་ཀོང་ས་གནས་གཞུང་གིས་ཆོག་མཆན་གྱི་རེ་འདུན་ཟེར་བ་ཞིག་སྤྱི་བསྒྲགས་བྱས་པའི་ནང་དུ་འཁོད་དོན། ཧོང་ཀོང་གི་བརྙན་འཕྲིན་ཁང་དང་རླུང་འཕྲིན་ཁང་ཁག་གིས། ངེས་པར་དུ་བདུན་ཕྲག་རེ་ལ་མི་རིགས་ངོས་ལེན་དང་། རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་རིན་མེད་ཁྱབ་བསྒྲགས་བྱ་ཡུལ་གྱི་ལེ་ཚན་བཀོད་སྒྲིག་བྱ་དགོས་པའི་རེ་འདུན་ཞེས་པ་ཞིག་བསྒྲགས་ཡོད་འདུག
ཧོང་ཀོང་ས་གནས་ཀྱི་བདེ་འཇགས་འགོ་ཁྲིད་ཟུར་བ་དང་། ད་ལྟ་ཧོང་ཀོང་ས་གནས་ཀྱི་སྤྱི་ཁྱབ་འགོ་ཁྲིད་ཡིན་པའི་(John Lee)་ཟེར་བས། སྤྱི་ཚེས་༡༤ཉིན་ཧོང་ཀོང་གི་བརྙན་འཕྲིན་ཁང་གསུམ་དང་། རླུང་འཕྲིན་ཁང་གཉིས་ཀྱིས་བདུན་ཕྲག་རེ་ལ་སྐར་མ་༣༠ཅན་གྱི་མི་རིགས་ངོས་ལེན་དང་རྒྱལ་ཁབ་བདེ་འཇགས་ཟེར་བའི་ཁྱབ་བསྒྲགས་སྤེལ་དགོས་པའི་ཆོག་མཆན་ཟེར་བར་མིང་རྟགས་བཀོད་ཡོད་འདུག
གནས་ཚུལ་ནང་དུ་མུ་མཐུད་དུ་འཁོད་དོན། རྒྱ་ནག་གི་ཕྱོགས་ནས་སྤྱི་ལོ་༢༠༢༠ལོ་ནས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་ལག་བསྟར་བྱས་ནས། ཧོང་ཀོང་གི་དམངས་གཙོ་རྩོད་ལེན་པ་དང་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པ་དག་ལ་དྲག་གནོན་བྱས་ཡོད་པ་མ་ཟད། གྲོང་ཁྱེར་གང་སར་ལས་དོན་དེ་རྣམ་པ་འདྲ་མིན་གྱིས་སྤེལ་བཞིན་པའི་ཁྲོད་ཀྱི་རྣམ་གྲངས་ཤིག་ཡིན་པའི་སྐོར་འཁོད་ཡོད་འདུག
དེར་སྐྱོན་བརྗོད་བྱེད་མཁན་ཚོས། རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ཟེར་བ་བེད་སྤྱད་ནས་ཧོང་ཀོང་མི་དམངས་ཀྱི་རང་དབང་བཙན་འཕྲོག་བྱས་ནས་ཧོང་ཀོང་དེ་བཞིན་ཆབ་སྲིད་རིག་གནས་ཀྱི་ལག་ཆར་འཛིན་གྱི་ཡོད་སྐོར་བརྗོད་ཀྱི་ཡོད་པ་རེད།
སྤྱིར་ཧོང་ཀོང་ནང་གི་བརྙན་འཕྲིན་དང་རླུང་ཁང་ཁག་ནི་སྨྲ་བརྗོད་རང་དབང་གི་སྟེགས་བུ་ལྟ་བུ་ཞིག་ཡིན་ནའང་། རྒྱ་ནག་གཞུང་གིས་དམངས་གཙོའི་ལས་འགུལ་ལ་དྲག་གནོན་གྱིས། ད་ལྟ་ཧོང་ཀོང་གི་སྒེར་ཚུགས་ཅན་གྱི་གསར་འགོད་ཀྱི་སྡེ་ཁག་ཕལ་ཆེར་མེད་པར་གྱུར་ཡོད་འདུག


གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་གི་ས་ཡོམ་དང་འབྲེལ་དྲྭ་ཐོག་གནས་ཚུལ་སྤེལ་མཁན་ ༢༡ ལ་ཞིབ་དཔྱོད་དང་ཉེས་ཆད་བཅད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་དིང་རིའི་ས་ཡོམ་སྐོར་གྱི་དོན་དངོས་གནས་ཚུལ་བཀག་འགོག་གིས་གཞུང་འབྲེལ་རོགས་སྐྱོར་མི་སྣ་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎