ཧོང་ཀོང་ཉེན་རྟོག་པས་ཉེན་གཡོལ་བྱས་བསྡད་ཡོད་པའི་དམངས་གཙོ་དོན་གཉེར་བ་བརྒྱད་འཛིན་བཟུང་བྱེད་རྒྱུ་ཡིན་ཚུལ་བསྒྲགས་འདུག

2023.07.03
ཧོང་ཀོང་ཉེན་རྟོག་པས་ཉེན་གཡོལ་བྱས་བསྡད་ཡོད་པའི་དམངས་གཙོ་དོན་གཉེར་བ་བརྒྱད་འཛིན་བཟུང་བྱེད་རྒྱུ་ཡིན་ཚུལ་བསྒྲགས་འདུག ཧོང་ཀོང་ཉེན་རྟོག་པས་ཉེན་གཡོལ་བྱས་བསྡད་ཡོད་པའི་དམངས་གཙོ་དོན་གཉེར་བ་བརྒྱད་འཛིན་བཟུང་བྱེད་རྒྱུ་ཡིན་ཚུལ་བསྒྲགས་སྐབས། ༠༧།༠༣།༢༠༢༣
REUTERS

དེ་ཡང་ཧོང་ཀོང་ནས་(Reuters)་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་༣རེས་གཟའ་ཟླ་བ་ཉིན་ཧོང་ཀོང་གི་ཉེན་རྟོག་པས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཉེན་གཡོལ་བྱས་བསྡད་ཡོད་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་བརྒྱད་ཀྱིས། ཕྱིའི་རྒྱལ་ཁབ་ཁག་དང་ངན་པ་ལག་འབྲེལ་བྱས་ནས་རྒྱལ་ཁབ་གྱི་བདེ་འཇགས་ལ་ཉེན་ཚབས་ཆེན་པོ་བཟོ་བཞིན་ཡོད་པའི་ཉེས་འཛུགས་བྱས་སྟེ། མི་སྣ་དེ་དག་གི་གནས་ཚུལ་མཁོ་སྤྲོད་དང་འཛིན་བཟུང་བྱེད་ཕྱོགས་སོགས་ཀྱི་ཐད་མཐུན་འགྱུར་བྱས་བ་ཡིན་ན་མི་རེར་བྱ་དགའ་ཨ་སྒོར་འབུམ་གཅིག་ལྷག་སྤྲོད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག
མི་དེ་རྣམས་ནི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་(Nathan Law)་དང་། (Anna Kwok) ཧོང་ཀོང་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་(Dennis Kwok)་དང་། (Ted Hui) དེ་བཞིན་ཁྲིམས་རྩོད་པ་(Kevin Yam)་བཅས་ཡིན་པ་ཉེན་རྟོག་པས་གསར་འགོད་ལྷན་ཚོགས་ཐོག་བརྗོད་འདུག
ཡང་གནས་ཚུལ་ནང་མུ་མཐུད་དུ་བཀོད་པར་གཞིགས་ན། དམངས་གཙོ་དོན་གཉེར་བ་དེ་དག་ཨ་མི་རི་ཀ་དང་། དབྱིན་ཡུལ། ཨོསི་ཊརེ་ལི་ཡ་(Australia)་ལ་སོགས་པའི་རྒྱལ་ཁབ་ཁག་ནང་ཉེན་གཡོལ་ཕྱིན་ཡོད་པ་གསལ་སྟོན་བྱས་ཡོད་པ་དང་། (Reuters)་གསར་ལས་ཁང་གི་གསར་འགོད་པས་གནད་དོན་དེའི་སྐོར་འབྲེལ་ཡོད་ཁག་ལ་འབྲེལ་བ་ཞུས་ཡོད་ཀྱང་འབྲེལ་ལམ་མཐུད་ཐུབ་མི་འདུག
སྤྱི་ལོ་༢༠༢༠ལོར་རྒྱ་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་གཞི་ལག་བསྟར་བྱས་པའི་རྗེས། ཧོང་ཀོང་ཉེན་རྟོག་པས་ཧོང་ཀོང་གྱི་དམངས་གཙོ་དོན་གཉེར་བ་མི་གྲངས་༢༦༠ལྷག་ཙམ་ཞིག་འཛིན་བཟུང་བྱས་ཡོད་པ་དང་། དེ་ཚོའི་ནང་ནས་མི་གྲངས་༧༩རྒྱལ་ཁབ་མགོ་རྟིང་སློག་མཁན་དང་། དྲག་སྤྱོད་རིང་ལུགས་པའི་ནག་ཉེས་བཙུགས་ནས་འཛིན་བཟུང་བཙོན་འཇུག་བྱས་ཡོད་ལུགས་ཧོང་ཀོང་ས་གནས་ཉེན་རྟོག་པས་གསར་འགོད་ལྷན་ཚོགས་ཐོག་གསལ་སྟོན་བྱས་འདུག།


གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎