རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་ད་ཆ་ཧོང་ཀོང་གི་སློབ་གྲྭ་ཁག་གི་བསླབ་གཞིའི་ནང་འཇུག་ཐབས་བྱེད་ཀྱི་འདུག

2021.02.05
Share on WhatsApp
Share on WhatsApp
རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་ད་ཆ་ཧོང་ཀོང་གི་སློབ་གྲྭ་ཁག་གི་བསླབ་གཞིའི་ནང་འཇུག་ཐབས་བྱེད་ཀྱི་འདུག ཧོང་ཀོང་གི་འབྲིང་རིམ་སློབ་གྲྭ་ཞིག་གི་ནང་རྒྱལ་ཞེན་ལས་འགུལ་སྤེལ་བཞིན་པ། ༢༠༡༩
Reuters

རྒྱ་ནག་གིས་བཟོས་བའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་ཞེས་བ་ད་ཆ་ཧོང་ཀོང་གི་སློབ་གྲྭ་ཁག་གི་བསླབ་གཞིའི་ནང་འཇུག་ཐབས་བྱེད་ཀྱི་འདུག
ཧོང་ཀོང་ས་གནས་སྲིད་གཞུང་གིས་ད་ཆ་སྔོན་འགྲོའི་སློབ་གྲྭ་བཅས་པའི་སློབ་གྲྭའི་སློབ་གཞིའི་ནང་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཁྲིམས་ཡིག་གི་ནང་དོན་དང་། ཕྱི་རྒྱལ་གྱི་ཤུགས་རྐྱེན་འོག་རྒྱལ་ཁབ་མགོ་རྟིང་སློག་རྒྱུའི་ལས་དོན་བརྩམས་པ་ཡིན་ན་ཁྲིམས་འགལ་ཡིན་པ་དང་། ནག་ཉེས་དེ་རིགས་ལ་ཚེ་བཙོན་གྱི་ཉེས་ཆད་ཡང་ཕོག་སྲིད་པ་བཅས་ཀྱི་སྐོར་སློབ་ཁྲིད་བྱ་དགོས་པའི་ཐད་དགེ་རྒན་ཚོར་ལམ་སྟོན་བྱེད་འགོ་བཙུགས་ཡོད་འདུག
དེ་ཡང་ཧོང་ཀོང་གི་ཤེས་རིག་ལས་ཁུངས་ཀྱི་ལམ་སྟོན་ཡིག་ཆའི་ནང་། རྒྱལ་ཁབ་སྲུང་སྐྱོབ་ཀྱི་གནད་དོན་དེ་ནི་གལ་ཆེ་དོན་ཆེན་ཞིག་ཡིན་པས། དགེ་རྒན་ཚོས་དེ་སྔ་ལྟར་གནད་དོན་དེ་རྙོག་གླེང་ཅན་དུ་ངོས་འཛིན་མ་བྱས་པར། སློབ་མ་ཚོར་ལམ་སྟོན་བྱ་དགོས་ཀྱི་ཡོད་ལུགས་བཀོད་ཡོད་པ་རེད།
དགེ་རྒན་མཐུན་ཚོགས་དང་ཕ་མ་ཁག་ཅིག་གིས་གཞུང་གིས་གནད་དོན་དེ་སློབ་གཞིའི་ནང་འཁྱེར་ཡོང་བར་བློ་འཚབ་གསལ་སྟོན་གནང་གི་ཡོད་འདུག
ཕྱི་ལོ་༢༠༡༩ལོ་ནས་ཧོང་ཀོང་ནང་མང་ཚོགས་སྤྱི་དང་དམིགས་བསལ་གཞོན་སྐྱེས་ཚོས་གཞུང་ལ་དམངས་གཙོའི་ཁེ་དབང་སྲུང་སྐྱོབ་དགོས་པའི་དགོས་འདུན་བཏོན་ནས་ངོ་རྒོལ་ཤུགས་ཆེན་བྱས་བའི་རྗེས། རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༠ཕྱི་ཟླ་༦པའི་ནང་། ཧོང་ཀོང་ནང་རྒྱལ་སྲུང་གི་ཁྲིམས་ཡིག་ཅེས་པ་དེ་གཏན་འབེབས་བྱས་ཡོད་པ་དང་། དེའི་ནང་། གཞུང་ལ་ངོ་རྒོལ་གྱི་སྒེར་ལངས་ཀྱི་ལས་འགུལ་སྤེལ་མི་ཆོག་པ། ཡང་ཕྱི་ཕྱོགས་དང་ལག་སྦྲེལ་མི་ཆོག་པ། དྲག་ཟིང་གི་དོན་རྐྱེན་སྤེལ་མི་ཆོག་པ་བཅས་མདོ་དོན་གཞུང་ལ་ངོ་རྒོལ་མི་ཆོག་པར་བཀག་སྡོམ་བྱ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་བྱས་ཡོད་པ་རེད།
ད་ཆ་གཞུང་གིས་ཁྲིམས་ཡིག་དེའི་ནང་དོན་སློབ་གྲྭའི་སློབ་ཚན་གྱི་སློབ་གཞིའི་ཆ་ཤས་བཟོས་ཏེ་སློབ་ཁྲིད་བྱ་དགོས་པའི་བཙན་བཀའ་བཏང་བཞིན་ཡོད་པ་དང་། ཤེས་རིག་ལས་ཁུངས་ཀྱིས་དགེ་རྒན་ཚོར་ལམ་སྟོན་ཡིག་ཆའི་ནང་། དགེ་རྒན་ཚོས་སློབ་མ་ཚོར་རྒྱལ་ཁབ་སྲུང་སྐྱོབ་བྱ་དགོས་པ་དེ་ནི་མང་ཚོགས་ཡོངས་ཀྱི་འགན་འཁུར་དང་ལེན་བྱ་དགོས་པའི་ལས་འགན་ཞིག་ཡིན་པ་གསལ་སྟོན་ཐུབ་པ་བཟོ་དགོས་ཀྱི་ཡོད་ལུགས་དང་། གནད་དོན་འདིའི་ཐད་བགྲོ་གླེང་བྱ་ས་གཞན་གང་ཡང་མེད་པ་བཀོད་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎