ཧོང་ཀོང་གི་དམངས་གཙོའི་ཕྱོགས་གཏོགས་འོས་མི་ཚོར་མི་གྲངས་ཁྲི་དྲུག་ཅུ་ལྷག་གིས་འོས་ཤོག་བླུགས་འདུག

2020-07-13
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་ནང་སྔོན་འགྲོའི་འོས་བསྡུའི་སྐབས། ༢༠༢༠།༧།༡༡
ཧོང་ཀོང་ནང་སྔོན་འགྲོའི་འོས་བསྡུའི་སྐབས། ༢༠༢༠།༧།༡༡
AFP

ཧོང་ཀོང་གི་དམངས་གཙོ་ཕྱོགས་གཏོགས་ཀྱི་གྲོས་ཚོགས་འཐུས་མིའི་འོས་མིའི་གྲས་སུ་ཞུགས་མཁན་ཚོར་ཧོང་ཀོང་མི་དམངས་ཁྲི་༦༠་ལྷག་གིས་འོས་ཤོག་བླུགས་འདུག
ཧོང་ཀོང་གི་དམངས་གཙོ་ཕྱོགས་གཏོགས་ཀྱི་གྲོས་ཚོགས་འཐུས་མིའི་འོས་མིའི་གྲས་སུ་ཞུགས་མཁན་ཚོར། ཕྱི་ཚེས་༡༡་དང་༡༢་ཉིན་གྲངས་གཉིས་རིང་ཧོང་ཀོང་མི་དམངས་ཚོས་འོས་ཤོག་བླུགས་ནས་ད་ལྟ་མཇུག་སྒྲིལ་ཡོད་པ་དང་། དེ་བཀོད་སྒྲིག་གནང་མཁན་གྱི་གསལ་བསྒྲགས་ནང་འོས་ཤོག་འཕེན་མཁན་མི་གྲངས་ཁྲི་༦༠་ལྷག་བྱུང་བ་དེ་ནི། ཁོང་ཚོའི་ཚོད་དཔག་ལས་མི་གྲངས་ཁྲི་༡༧་བརྒལ་ཡོད་པ་དང་། འོས་ཤོག་འཕེན་མཁན་ཧོང་ཀོང་མི་དམངས་རྒྱུན་ལྡན་ལས་ཧ་ཅང་མང་བ་བྱུང་ཡོད་པ་དེ་ནི་ཧོང་ཀོང་མི་དམངས་ཚོས་དམངས་གཙོ་དང་རང་དབང་ཆེད་འབད་བརྩོན་གྱི་རྣམ་པ་ཞིག་མཚོན་པ་མ་ཟད། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞི་གཏན་འབེབས་ལག་བསྟར་བྱས་པར་ངོ་རྒོལ་གྱི་རྣམ་འགྱུར་ཡང་མཚོན་ཐུབ་ཀྱི་ཡོད་ཟེར།
ཧོང་ཀོང་གི་ཁྲིམས་ལུགས་ལས་དོན་ལྷན་ཁང་གི་འགན་འཛིན་ཙང་ཀྲེ་འོད་ཀྱིས་གཟའ་འཁོར་སྔོན་མར་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མིའི་འོས་མིའི་སྔོན་འགྲོའི་འོས་འདེམས་དེ་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞིའི་ནང་དོན་དང་འགལ་གྱི་ཡོད་ཚུལ་བརྗོད་འདུག
ད་ལོ་ཕྱི་ཟླ་དགུ་པའི་ནང་སྤེལ་རྒྱུའི་ཧོང་ཀོང་གྲོས་ཚོགས་ཀྱི་འོས་བསྡུའི་ནང་། ཧོང་ཀོང་ནང་ཡོད་པའི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་པ་ཁག་མཉམ་རུབ་ཐོག་ནས་འོས་བསྡུའི་ནང་ཞུགས་རྒྱུའི་ཆེད་འོས་མི་འོས་འདེམས་བྱས་པ་ཞིག་ཡིན་པ་དང་།  དེ་ཡང་གཙོ་བོ་གྲོས་ཚོགས་འཐུས་མིའི་འོས་འདེམས་ནང་གདན་གྲངས་གང་མང་ཐོབ་ཐུབ་རྒྱུའི་ཆེད་དུ་ཡིན་ཞིང་། ད་ལྟའི་ཆར་ཧོང་ཀོང་གྲོས་ཚོགས་ཀྱི་འཐུས་མིའི་ནང་མང་པོ་ཞིག་རྒྱ་ནག་གཞུང་དང་ཕྱོགས་པའི་ཆབ་སྲིད་ཚོགས་པའི་འཐུས་མི་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།