བོད་མི་མང་པོ་གནས་ཡུལ་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་འོས་བསྡུའི་ནང་ཀོང་རེ་སི་ཚོགས་པར་རྒྱལ་ཁ་ཐོབ་འདུག

2023.05.15
བོད་མི་མང་པོ་གནས་ཡུལ་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་འོས་བསྡུའི་ནང་ཀོང་རེ་སི་ཚོགས་པར་རྒྱལ་ཁ་ཐོབ་འདུག རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་འོས་བསྡུའི་ནང་ཀོང་རེ་སི་ཚོགས་པར་རྒྱལ་ཁ་ཐོབ་པར་དགའ་བསུ་བྱེད་བཞིན་པ། ༠༥།༡༣།༢༠༢༣
AFP

དེ་ཡང་(BBC)་གསར་ཁང་སོགས་ཀྱིས་རྒྱ་གར་བྷེང་ལོར་ནས་གནས་ཚུལ་སྤེལ་དོན་ལ་གཞིགས་ན། རྒྱ་གར་གྱི་ཕྱོགས་འགལ་ཆབ་སྲིད་ཚོགས་པ་གཙོ་གྲས་ཀོང་རེ་སི་ཆབ་སྲིད་ཚོགས་པས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་(Karnataka)་མངའ་སྡེའི་འོས་བསྡུའི་ཁྲོད་སྲིད་བློན་མོ་དྷི་ཡི་(BJP)་ཆབ་སྲིད་ཚོགས་པར་ཕམ་ཉེས་བཏང་ཡོད་པ་དང་། ད་རེས་ཀོང་རེ་སི་ཆབ་སྲིད་ཚོགས་པའི་རྒྱལ་ཁ་ཐོབ་པ་འདིས་ཀོང་རེ་སི་སྲིད་དོན་ཚོགས་པར་ལོ་རྗེས་མའི་རྒྱལ་ཡོངས་འོས་བསྡུའི་ཁྲོད་སེམས་ཤུགས་མི་ཆག་རྒྱུར་ཧ་ཅང་གི་དགོས་གལ་ཆགས་ཡོད་ལུགས་གནད་དོན་དབྱེ་ཞིབ་པས་ངོས་འཛིན་གནང་འདུག མངའ་སྡེ་གཞུང་གི་འོས་བསྡུ་ལྷན་ཁང་གི་དྲ་རྒྱའི་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ཀོང་རེ་སི་ཚོགས་པར་མངའ་སྡེ་གྲོས་ཚོགས་ཀྱི་གདན་ཐོབ་༢༢༤འི་ཁྲོད་ནས་གདན་ཐོབ་༡༣༠ལྷག་ཐོབ་ཡོད་པ་དང་། (BJP)ཆབ་སྲིད་ཚོགས་པར་གདན་ཐོབ་༧༠མ་ཟིན་ཙམ་ལས་ཐོབ་མེད་པས། སྤྱིར་གདན་ཐོབ་༡༡༣ཐོབ་ཚེ་མངའ་སྡེའི་གཞུང་འཛིན་ཆགས་ཀྱི་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པས་གསུངས་ན། (BJP)་ཆབ་སྲིད་ཚོགས་པས་ལོ་བཞིའི་རིང་ཀར་ན་ཊ་ཀའི་མངའ་སྡེའི་གཞུང་འཛིན་གནང་སྐབས། ནང་ཁུལ་རྩོད་རྙོག་དང་འཛིན་སྐྱོང་འཐུས་ཤོར་ཕྱིན་པ། དེ་བཞིན་ཚོགས་པའི་འགོ་ཁྲིད་མཁན་ཚོས་གཏམ་བཤད་གནང་སྐབས་སྲིད་བློན་མོ་དྷིའི་དབུས་གཞུང་གི་གྲུབ་འབྲས་ཁག་དམིགས་སྒོར་བཟུང་བའི་ཉེར་ལེན་གྱིས་ད་ཡོད་ཀྱི་འཐུས་མི་ཚོའི་ཐོག་ལྟ་སྟངས་ངན་པ་སླེབས་པའི་རྒྱུ་མཚན་གྱིས་ཕྱོགས་འགལ་ཀོང་རེ་སི་ཆབ་སྲིད་ཚོགས་པ་ལ་མངའ་སྡེའི་འོས་འདེམས་ནང་རྒྱལ་ཁབ་ཐོབ་པ་ཞིག་ཡིན་འདུག
རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེ་དེ་བཞིན་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་མོན་གྷོ་འདོད་རྒུ་གླིང་དང་། ཀོ་ལི་གྷལ་དོན་ལྡན་གླིང་། སྦེལ་ཀོབ་ལུགས་བསམ་སོགས་གཞིས་གྲོང་མང་པོ་ཆགས་ཡུལ་གཙོ་གྲས་ཤིག་ཡིན་པར་མ་ཟད། གདན་ས་སེ་འབྲས་དགའ་གསུམ་གཙོ་བོ་གྱུར་བའི་རིས་སུ་མ་ཆད་པའི་ཆོས་རྒྱུད་ཁག་གི་དགོན་སྡེ་མང་པོ་ཆགས་ཡུལ་ཡིན་པ་རེད།


གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་མི་རི་ཀའི་སྲིད་འཛིན་གཞོན་པ་ཇེ་ཊི་ཝེན་སི་མཆོག་གིས་རྒྱ་གར་ནང་གཟིགས་སྐོར་དང་ཆབས་ཅིག རྒྱ་གར་གྱིས་རྒྱ་ནག་ནས་ནང་འདྲེན་གྱི་དྭངས་ལྕགས་རིགས་ལ་སྒོ་ཁྲལ་བརྒྱ་ཆ་ ༡༢ སྤར་ཡོད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎