རྒྱ་གར་སྲིད་བློན་གྱིས་རྩོམ་སྒྲིག་པ་དང་བཀའ་མོལ།

རྒྱ་གར་སྲིད་བློན་གྱིས་ཆེ་ཐོངས་གོང་འཕེལ་ཡོང་རྒྱུའི་དོན་དུ་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་ལྔའི་རྩོམ་སྒྲིག་པ་དང་ལྷན་འཛོམས་བཀའ་མོལ།

2011.06.29

༄༅༎རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་ལ་སྐུ་དབང་མེད་པའི་སྐྱོན་བརྗོད་ཕྱོགས་མང་པོ་ནས་ཐོན་གྱི་ཡོད་པའི་སྐབས་འདིར། སྲིད་བློན་མཆོག་གིས་རང་ཉིད་ཀྱི་ཆེ་ཐོངས་གོང་འཕེལ་ཡོང་རྒྱུའི་དོན་དུ་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་ལྔའི་རྩོམ་སྒྲིག་པ་དང་ལྷན་འཛོམས་བཀའ་མོལ་གནང་འདུག།

སྲིད་བློན་སིང་མཆོག་དང་བཀའ་མོལ་ཞུ་མཁན་རྩོམ་སྒྲིག་པ་ཚོས་འགྲེལ་བརྗོད་གནང་ཡག་ལ། མན་མོ་ཧན་སིང་མཆོག་གིས་ཁོང་དབང་ཆ་མེད་པའི་གཞུང་གི་དབུ་ཁྲིད་མིན་སྐོར་གསུང་ཡོད་པ་དང༌། ཁོང་གི་ཚབ་ལ་སོ་ནི་ཡ་གན་རྡིའི་སྲས་ར་ཧུལ་གན་རྡིས་རྒྱ་གར་གྱི་སྲིད་བློན་གནང་རྒྱུའི་བཀའ་མོལ་ཞིག་བར་ལམ་ཁྱབ་ཡོད་པ་དེ་ཀོང་རེསི་ཚོགས་པའི་གྲོས་འཆར་ནང་གསལ་མེད་སྐོར་གསུང་ཡོད་པ་རེད།

རྡིལྦ་ཡ་མ་ར་ཐི་གསར་ཤོག་གི་རྩོམ་སྒྲིག་པ་ཀུ་མའར་ཀེཏ་ཀར་ཡིས་སྲིད་བློན་མན་མོ་ཧན་སིང་མཆོག་དང་མཇལ་འཛོམས་གནང་བའི་རྗེས་ གསར་འགོད་པ་ཚོར་འགྲེལ་བརྗོད་གནང་ཡག་ལ། གཞུང་འཛིན་ཚོགས་པར་ནུས་པ་མེད་པའི་སྐད་ཆ་མང་པོ་ཞིག་ཡོང་གི་ཡོད་པར་སིང་མཆོག་གིས་ངོས་ལེན་གནང་ཡོད་ནའང༌། ཚོད་དཔག་དེ་ཚོ་ནོར་འཁྲུལ་ཡིན་པ་དང༌། ཁོང་དབང་ཆ་མེད་པའི་སྲིད་བློན་ད་ལྟ་ཆགས་གནང་མེད་སྐོར་གསུང་གི་འདུག་ཅེས་ཀེཏ་ཀར་གྱིས་འགྲེལ་བརྗོད་གནང་བཞག། གནད་དོན་དབྱེ་ཞིབ་པ་ཚོས་སྲིད་བློན་མན་མོ་ཧན་སིང་མཆོག་གིས་གསར་འགོད་པ་འདུ་སྐོང་གནང་ནས་གནས་ལུགས་འགྲེལ་བཤད་གནང་བ་དེ་དོན་ལ་འཁེལ་བ་ཞིག་བྱུང་མེད་པར་ངོས་འཛིན་གནང་འདུག་ལ། ལྡི་ལིའི་ནང་གི་གནད་དོན་དབྱེ་ཞིབ་པ་ཨེན་སྦཤི་ཀར་རའོ་ཡིས་སྲིད་བློན་མན་མོ་ཧན་སིང་མཆོག་གིས་ཁོང་ཐོག་སྐྱོན་བརྗོད་བྱུང་བའི་ལེ་ཁག་ལྕམ་སོ་ནི་ཡ་གན་རྡིར་བཙུགས་གནང་ཐུབ་ཀྱི་མེད་དུས། སྐྱོན་འཛུགས་གནང་ས་ཞིག་དགོས་ཀྱི་ཡོད་པ་དེ་གསར་འགོད་པ་ཚོ་ཆགས་པ་རེད་ཅེས་དཔྱད་པ་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎