རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ།

2016-02-25
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་ཤར་གླིང་ཟླ་སྒྲོན་ལགས། ༢༠༡༤།༡༢
རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་ཤར་གླིང་ཟླ་སྒྲོན་ལགས། ༢༠༡༤།༡༢
ཀླུ་འབུམ།/RFA

དེ་ཡང་རྒྱལ་སྤྱིའི་བོད་དོན་འབྲེལ་ཐུད་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ལྷོ་བྱང་ཨ་མི་རི་ཀའི་ཚོགས་ཆེན་ཐེངས་དྲུག་པ་དེ་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་འདི་ཚེས་༢༦ནས་འགོ་འཛུགས་གནང་གི་ཡོད་འདུག
དེ་ནི་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་དམངས་གཙོ་ཐེབས་རྩ་ཁང་གི་ལས་ཁུངས་སུ། འདི་ཚེས་༢༦ནས་༢༨བར་བསྐྱང་རྒྱུ་ཡིན་པ་དང༌། ཚོགས་འདུ་དེའི་ཐོག་བྱང་ཨ་མི་རི་ཀའི་རྒྱལ་ཁབ་ཨ་རི་དང༌། ཁེ་ན་ཊ། མེག་སི་ཀོ་གསུམ་དང༌། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་སྦ་ར་ཛིལ་དང་། ཅི་ལེ་བཅས་ནས་ཕེབས་པའི་སྐུ་ཚབ་རྣམ་པས་མཉམ་ཞུགས་གནང་གི་ཡོད་འདུག
ཡང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཚོགས་པས་སྤེལ་བའི་གསལ་བསྒྲགས་དེའི་ནང༌། ཐེངས་འདིའི་ཚོགས་འདུའི་ཐོག་གསུང་བཤད་གནང་མཁན་གཙོ་བོའི་གྲས་སུ་བོད་མིའི་སྒྲིག་འཛུགས་ཀྱི་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་དང༌། ཚོགས་པ་དེའི་ཚོགས་གཙོ་ཤར་གླིང་ཟླ་སྒྲོན་ལགས། འཛིན་སྐྱོང་འགན་འཛིན་(Alison Reynolds)རྒྱལ་སྤྱིའི་འབྲེལ་མཐུད་པ་བསྟན་འཛིན་འཇིགས་བྲལ་ལགས་བཅས་ཡིན་པ་དང༌། རྒྱལ་སྤྱིའི་བོད་དོན་འབྲེལ་ཐུད་ཚོགས་པས་འདི་ལྟབུའི་ཚོགས་འདུ་ཨེ་ཤེ་ཡ་དང༌། ཡོ་རོབ། བྱང་ཨ་མི་རི་ཀ་བཅས་པའི་ནང་ཟླ་བ་བཅོ་བརྒྱད་ཀྱི་ནང་ཚུད་ཐེངས་རེ་སྐོང་འཚོགས་གནང་གི་ཡོད་པ་བཀོད་འདུག

གསར་འགོད་པ་ངག་ཆོས།

མཆན། (0)
Share
དྲ་གནས་ཆ་ཚང༌།