ཨ་རིའི་སྐུ་ཚབ་ཀྱིས་བལ་ཡུལ་གཞུང་ལ་བོད་མིར་ཡིག་ཆ་སྤྲོད་དགོས་པའི་འབོད་སྐུལ་གནང་པ།

ཨ་རིའི་གཞུང་འབྲེལ་སྐུ་ཚབ་ས་མིར་ཀ་པུར་ (Samir Kapur) གྱིས་བལ་ཡུལ་གཞུང་ལ་བོད་མི་སྐྱབས་བཅོལ་བ་ཚོར་ངོ་སྤྲོད་ཡིག་ཆ་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག

ཨ་རིའི་ཆེས་མཐོའི་སྐུ་ཚབ་ཀྱིས་བལ་ཡུལ་གཞུང་ལ་བོད་མིར་ཡིག་ཆ་སྤྲོད་དགོས་པའི་འབོད་སྐུལ་གནང་པ།

ཨ་རིའི་གཞུང་འབྲེལ་སྐུ་ཚབ་ས་མིར་ཀ་པུར་ (Samir Kapur) གྱིས་བལ་ཡུལ་གཞུང་ལ་བོད་མི་སྐྱབས་བཅོལ་བ་ཚོར་ངོ་སྤྲོད་ཡིག་ཆ་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བློན་ཆེན་རིམ་པ་བཞི་པའི་མཚན་གནས་ཡོད་པ་ལྷོ་དབུས་ཨེ་ཤེ་ཡའི་སྡེ་ཚན་གྱི་དྲུང་ཆེའི་ཕྱག་རོགས་ས་མིར་ཀ་པུར་ (Samir Kapur) ལགས་བལ་ཡུལ་དུ་ཕྱི་ཟླ་ ༤ ཚེས་ ༢༠ ནས་ ༢༢ བར་ལས་དོན་འཚམས་གཟིགས་ལ་ཕེབས་ཡོད་པ་དང་། ཕྱི་ཚེས་ ༢༡ ཉིན་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་སིར་ཁ་ནཱལ་ (Shisir Khanal) མཆོག་དང་མཇལ་འཕྲད་གནང་ཞིང་། བོད་མི་ཚོར་ཡུན་རིང་ནས་འཕྲད་བཞིན་པའི་དཀའ་ངལ་ཁག་སེལ་དགོས་སྐོར་བལ་ཡུལ་གཞུང་ལ་འབོད་སྐུལ་གནང་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཆེ་མཐོའི་སྐུ་ཚབ་ཀྱིས་བལ་ཡུལ་ཕྱི་སྲིད་བློན་ཆེན་མཇལ་འཕྲད་གནང་པ། ༢༠༢༦།༤།༢༡
ཨ་རིའི་སྐུ་ཚབ་ཀྱིས་བལ་ཡུལ་ཕྱི་སྲིད་བློན་ཆེན་མཇལ་འཕྲད་གནང་པ། ༢༠༢༦།༤།༢༡ ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཆེ་མཐོའི་སྐུ་ཚབ་ཀྱིས་བལ་ཡུལ་ཕྱི་སྲིད་བློན་ཆེན་མཇལ་འཕྲད་གནང་པ། ༢༠༢༦།༤།༢༡ (@State_SCA)

བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཁ་ནཱལ་ (Khanal) མཆོག་གིས་ཨ་རིའི་ཆེས་མཐོའི་སྐུ་ཚབ་ལ། བལ་ཡུལ་གཞུང་གིས་སྐྱབས་བཅོལ་བ་ཚོར་རོགས་སྐྱོར་གང་ཐུབ་གནང་གི་ཡོད་པ་གསུངས་ཤིང་། སྐྱབས་བཅོལ་བ་དེ་དག་ལ་འགྲོ་བ་མིའི་རོགས་སྐྱོར་གྱི་གནས་བབ་འོག་ནས་གནས་སྡོད་བྱེད་བཅུག་ཡོད་པ་དང་རོགས་སྐྱོར་མུ་མཐུད་བྱེད་ཀྱི་རེད་ཅེས་གསུངས་སྐོར་འབྲེལ་ཡོད་གཞུང་འབྲེལ་མི་སྣ་ཞིག་གིས་ཀཐ་མཎ་ཌུ་པོསཊི་གསར་ཁང་ལ་བརྗོད་འདུག བལ་ཡུལ་གཞུང་གིས་ཕྱི་ལོ་ ༡༩༩༥ ནས་བཟུང་བོད་མི་སྐྱབས་བཅོལ་བ་ཚོར་ངོ་སྤྲོད་ཡིག་ཆ་སྤྲོད་མཚམས་བཞག་པར་བརྟེན་ཡིག་ཆ་མེད་པའི་བོད་མི་སྟོང་ཚོ་ཁ་ཤས་ཡོད་ཅིང་། བོད་མི་དེ་དག་ལ་རྒྱལ་ཁབ་ནང་ཁྲིམས་མཐུན་གྱི་ཡིག་ཆ་བཟོ་རྒྱུ་དང་། དངུལ་གཏོང་ལེན་སོགས་འགྲོ་སྡོད་སྤྱོད་གསུམ་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ལྷོ་དབུས་ཨེ་ཤེ་ཡའི་སྡེ་ཚན་གྱི་དྲུང་ཆེའི་ཕྱག་རོགས་ས་མིར་ཀ་པུར་ (Samir Kapur) ལགས་ཀྱིས་བལ་ཡུལ་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་སྐབས། ཡུན་རིང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དམ་ཟབ་ཡོད་པ་འདི་གོང་སྤེལ་གཏོང་ཐབས་དང་། ཚོང་དང་མ་རྩ་འཛུགས་རྒྱུ། ཁྲིམས་འགལ་གྱི་ཕྱི་མི་གནས་སྤོ་བཅས་ཀྱི་ཐད་བཀའ་མོལ་ཡག་པོ་བྱུང་ཞེས་ X དྲ་རྒྱའི་ཐོག་བཀོད་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེའི་ཕྱག་རོགས་ས་མིར་ཀ་པུར་ (Samir Kapur) ལགས་ཀྱི་ཕྱི་ཚེས་ ༢༡ ཉིན་བལ་ཡུལ་རྒྱལ་སའི་མཆོད་རྟེན་གཙོས་ཆོས་ཕྱོགས་ཀྱི་བསྟི་གནས་དང་གནས་ཆེན་ཁག་ལ་ཕེབས་ཡོད་ཅིང་། བལ་པོ་དང་བོད་མིའི་རིག་གཞུང་གི་ཁྱད་ཆོས་ལྡན་པའི་ཁོར་ཡུག་ལ་གཟིགས་སྐོར་གནང་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཆེས་མཐོའི་སྐུ་ཚབ་ཀྱིས་བལ་ཡུལ་རྒྱལ་སར་འཚམས་གཟིཊ་གནང་པ། ༢༠༢༦།༤།༢༡
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཆེས་མཐོའི་སྐུ་ཚབ་ཀྱིས་བལ་ཡུལ་རྒྱལ་སར་འཚམས་གཟིཊ་གནང་པ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཆེས་མཐོའི་སྐུ་ཚབ་ཀྱིས་བལ་ཡུལ་རྒྱལ་སར་འཚམས་གཟིཊ་གནང་པ། ༢༠༢༦།༤།༢༡ (@State_SCA)

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མཐོ་རིམ་སྐུ་ཚབ་ཀྱིས་བལ་ཡུལ་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་གནང་པའི་ཉིན་མོ་དེ་རང་ལ། ཕྱི་ཚེས་ ༢༠ ཉིན་བལ་ཡུལ་དུ་འབྱོར་པའི་རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་ཨེ་ཤེ་ཡ་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་གཞོན་པ་ཁའོ་ཆིང་ (Cao Jing) གྱིས་བལ་ཡུལ་ཕྱི་སྲིད་དྲུང་ཆེ་ Amrit Bahadur Rai དང་ ཕྱི་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་བྱང་ཤར་ཨེ་ཤེ་ཡའི་ཚན་པའི་ཟུང་དྲུང་སྦྲི་གུ་དྷུང་གྷ་ན་ (Bhrigu Dhungana) དང་མཇལ་འཕྲད་གནང་ཡོད་པ་དང་། བལ་ཡུལ་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལོཀ་བྷཧ་དྷུར་པའོ་ཌེལ་ཆེ་ཏྲི་ (Lok Bahadur Poudel Chettri) ཡིས་འདི་ནི་རྒྱུན་ལྡན་གྱི་མཇལ་འཕྲད་ཅིག་ཡིན་པ་དང་། སྡེ་ཚན་གཉིས་ཀྱི་དབར་ལ་བལ་ཡུལ་དང་རྒྱ་ནག་གི་ལས་དོན་ཁག་མཇུག་སྐྱོང་གནང་ཡོད་པའི་སྐོར་གསུངས་འདུག

འདི་ནི་ཉེ་ཆར་ཕྱི་ཟླ་ ༤ ཚེས་ ༡༣ ཉིན་བལ་ཡུལ་ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་ཀྲང་མའོ་མིང་ (Zhang Maoming) གིས་བལ་ཡུལ་ནང་སྲིད་བློན་ཆེན་གསར་པ་སུ་དཱན་སྒུ་རུང་དང་ཐུག་འཕྲད་ཀྱིས། ཁོང་ལ་བལ་ཡུལ་ནང་བོད་མི་དང་ཐའེ་ཝན་རྒྱ་རིཊ་ཀྱིས་སྣེ་ཁྲིད་པའི་རྒྱ་ནག་གཞུང་ལ་གནོད་པའི་ལས་འགུལ་རིགས་སྤེལ་རྒྱུར་བཀག་སྡོམ་བྱ་དགོས་པའི་ཉེན་བརྡ་བསྐྱར་ནན་བཏང་པའི་རྗེས་ཀྱི་ས་ཁུལ་རང་བཞིན་གྱི་ཆབ་སྲིད་ཀྱི་འཕེལ་རིམ་ཞིག་ཡིན་པ་རེད།།

པར་རིས་སྒྲིག་བཟོ་བ། ནོར་སྡེ་སྒྲོལ་མ།