རྒྱ་གར་གྱི་སྲིད་ཇུས་ལངས་ཕྱོགས་ལ་ཐེ་ཇུས་བྱས་ན་མི་འགྲིག

བཀའ་བློན་ཁྲི་པ་མཆོག་གིས་རྒྱ་གར་གི་སྲིད་བྱུས་ལངས་ཕྱོགས་ཐོག་རྒྱ་ནག་གིས་ཐེ་བྱུས་བྱེད་རྒྱུ་དེ་འགྲིག་གི་མེད་སྐོར་སྐྱོན་བརྗོད་གནང་འདུག

2012.01.23

༄༅༎བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གི་སྲིད་བྱུས་ལངས་ཕྱོགས་ཐོག་རྒྱ་ནག་གིས་ཐེ་བྱུས་བྱེད་རྒྱུ་དེ་འགྲིག་གི་མེད་སྐོར་སྐྱོན་བརྗོད་གནང་ཡོད་པ་རེད་ བཀའ་བློན་ཁྲི་པ་མཆོག་གིས་གོང་ཞུས་བཀའ་མོལ་དེ་ཁོང་ཁ་ཉིན་རེས་གཟའ་པ་སངས་ཉིན་རྒྱ་གར་ཤར་ཕྱོགས་ཀལ་ཀ་ཏའི་གྲོང་ཁྱེར་ནང་རྒྱ་གར་གྱི་ནེ་སྦེལ་རྩོམ་བྲིས་ཐོག་བྱ་དགའ་ཐོབ་གནང་མཁན་རཱ་སྦིན་རྡར་ནའཐ་ཀྲེ་གོར་མཆོག་གི་མཚན་ཐོག་སློབ་གཉེར་ཁང་ཞིག་དབུ་བྱེད་གནང་བར་ཕེབས་སྐབས་གསར་འགོད་པར་གསུང་ཡོད་པ་རེད་             ཁོང་གིས་བཀའ་མོལ་དེ་ལྟར་གསུང་དགོས་དོན་ནི་ཁ་སྔོན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀལ་ཀ་ཏའི་གྲོང་ཁྱེར་ནང་མཛད་སྒོ་ཞིག་གི་ཐོག་ཆིབས་བསྒྱུར་བསྐྱངས་གནང་སྐབས་གྲོང་ཁྱེར་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་མི་སྣ་ཞིག་གིས་མངའ་སྡེའི་སྲིད་སྐྱོངས་ནས་༸གོང་ས་མཆོག་དང་མཇལ་འཕྲད་མ་གནང་བའི་འབོད་སྐུལ་ཡི་གེ་ཞིག་ཕུལ་བར་དེར་སྲིད་སྐྱོང་མཆོག་ནས་ངོས་ལེན་གནང་མེད་པ་རེད་ སྐབས་དེར་༸གོང་ས་མཆོག་གྲོང་ཁྱེར་དེར་རྟེན་གཞི་བྱས་པའི་ཡི་ཤུའི་སྐྱེས་ཆེན་དམ་པ་ཨ་མ་ཀྲེ་རི་ས་མཆོག་གིས་བཙུགས་གནང་བའི་ Missionaries of Charity ཞེས་པའི་སྦྱིན་གཏོང་གི་ཚོགས་པ་དེའི་མཛད་སྒོ་ཞིག་གི་ཐོག་ཆིབས་བསྒྱུར་བསྐྱངས་གནང་སྐབས་གནས་ཚུལ་བྱུང་བ་ཞིག་ཡིན་པ་རེད་       

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་བོད་བརྒྱུད་ནང་བསྟན་གྱི་གནའ་བོའི་རིག་དངོས་ཁག་ཅིག་རྒྱ་ནག་ལ་ཕྱིར་སྤྲོད་བྱས་བར་བོད་མི་ཚོས་སེམས་ཚབས་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎