སྐལ་བཟང་ཡེ་ཤེས་ཀྱིས་རང་ལུས་མེར་བསྲེཊ་ཀྱིས་ཞི་རྒོལ་བྱས་འདུག


2014.12.23
དགེ་འདུན་པ་སྐལ་བཟང་ཡེ་ཤེས་ལགས།
བོད་འབྱོར།

དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་དོན། དེ་རིང་སྤྱི་ཟླ་༡༢ཚེས་༢༣ཉིན་གྱི་སྔ་དྲོའི་བོད་ནང་གི་ཆུ་ཚོད་༡༡དང་ཕྱེད་ཀ་ཙམ་ལ་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་སྐལ་བཟང་ཡེ་ཤེས་ལགས་ཀྱིས་རྟའུ་ཉ་མཚོ་དགོན་པར་ཡོད་པའི་རྒྱ་ནག་གི་ཉེན་རྟོག་པ་དང་ལས་དོན་རུ་ཁག་གི་ལས་ཁུངས་མདུན་༧གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས། བོད་མི་རིགས་ལ་རང་དབང་སྤྲོད་དགོས་ཞེས་པའི་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གནང་འདུག དེ་ཡང་གཤམ་ལ་བསོད་ནམས་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།


གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། སྐལ་བཟང་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་རིང་པོ་མ་སོང་བར་མེ་ལྕེ་ཆེན་པོའི་ཁྲོད་ས་ལ་འགྱེལ་ཡོད་པ་དང་། དེ་ནས་ས་གནས་བོད་མི་མང་པོ་འཛོམས་ནས་ཁོང་བདག་པོ་རྒྱག་ཐབས་བྱེད་སྐབས་དེ་མ་ཐག་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་འབྱོར་ནས་གནམ་ལ་མེ་མདའ་རྒྱབ་ནས་བོད་མི་ཚོ་ཁ་འཐོར་ལ་བཏང་བ་དང་ཁོང་བཙན་འཁྱེར་བྱས་པར་བརྟེན།      ད་ལྟའི་ཆར་ཁོང་ཤི་གསོན་གྱི་གནས་སྟངས་གསལ་པོ་ཤེས་རྟོགས་མིན་འདུག  དགེ་འདུན་པ་སྐལ་བཟང་ཡེ་ཤེས་ལགས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། རྟའུ་རྫོང་སྐུ་ནོར་ཡུལ་ཚོའི་ཐེ་ཝ་གྲོང་པ་ནས་ཡིན་པ་དང་། ཁོང་ད་ལོ་དགུང་ལོ་༣༨ ཙམ་ཡིན་འདུག    དེ་སྔོན་༡༩༩༧ལོར་རྒྱ་གར་ལ་ཕེབས་ཏེ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་སློབ་གཉེར་གནང་མྱོང་ཡོད་པ་དང་། རྗེས་སུ་ཕྱིར་ཕ་ཡུལ་ལ་ཕྱིར་ལོག་གནང་རྗེས་སྨྱུང་གནས་བླ་མ་གནང་བ་དང་། དེ་བཞིན་ས་གནས་བོད་མི་ཚོར་ཆོས་བཤད་དང་། དཔེ་ཁྲིད། རིག་གནས་འཆད་སྤེལ་སོགས་ཀྱི་ཕྱག་ལས་གནང་བར་ས་གནས་བོད་མི་ཚོས་གུས་བརྩི་ཆེན་པོ་གནང་ས་ཞིག་ཡིན་འདུག སྐལ་བཟང་ཡེ་ཤེས་ལཊ་ཀྱིས་རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་གནང་བ་དེ་ཟླ་བ་འདིའི་ནང་བོད་ནས་བོད་མིས་རང་ལུས་མེར་བསྲེགས་མཁན་གསུམ་པ་དང་། ད་བར་བོད་ནས་བོད་མིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་མཁན་མི་གྲངས་༡༣༦པ་ཡིན་པ་རེད།


གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་མཆོག་གིས་གཞུང་འཛིན་གྱི་འགན་འཁུར་བཞེས་པའི་སྐབས་འདིར། ཨ་མི་རི་ཀས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གིས་ཐུགས་རེ་གནང་བཞིན་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པས་མཛད་རིམ་ཐོག་མ་རྒྱ་གར་སོགས་མཐུན་ཕྱོགས་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎