གར་རྒྱས་ཁའི་གཏེར་ཁ་སྔོག་འདོན་རེ་ཞིག་མཚམས་འཇོག་བྱས་འདུག


2016.05.11
དཀར་མཛེས་ཁུལ་དང་དར་མདོ་རྫོང་གི་ཡིག་ཆ། ༢༠༡༦།༥།༦ དཀར་མཛེས་ཁུལ་དང་དར་མདོ་རྫོང་གི་ཡིག་ཆ། ༢༠༡༦།༥།༦
བོད་འབྱོར།

ས་གནས་བོད་མི་ཚོས་ཞི་རྒོལ་རྗེས་དཀར་མཛེས་ཁུལ་དར་རྩེ་མདོ་གྲོང་ཁྱེར་སྲིད་གཞུང་གིས་གཟབ་ནན་གྱིས་གཞུང་འབྲེལ་ཐོག་གཏེར་ཁ་བསྔོག་འདོན་རེ་ཞིག་མཚམས་འཇོག་བྱ་རྒྱུའི་ཁས་ལེན་ཡི་གེ་ཞིག་སྤྲད་ཡོད་པ་རེད།
དེ་ཡང་འདི་ཚེས་༦ཉིན་སྤྲད་པའི་ཡི་གེ་དེའི་ནང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་། དར་རྩེ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གཟབ་ནན་གྱིས་ཏེ། དཀར་མཛེས་ཁུལ་(甘孜州融达锂业有限公司)་བཟོ་ཚོང་ཁང་གིས་གཏེར་ཁ་བཏོན་ནས་ཁོར་ཡུག་གི་གནད་དོན་ཐད་ལ་ས་གནས་ཡུལ་མི་ལྷན་དུ་བསམ་འཆར་གཅིག་མཐུན་བྱུང་མེད་པར་འབྲེལ་ཡོད་ཐག་གཅོད་བྱ་རྒྱུར་ལྷག་བསྡད་པའི་གནད་དོན་རྣམས་ཐག་མ་ཆོད་བར་གཏེར་ཁ་བསྔོག་རྒྱུ་མེད་པར་ཐག་གཅོད་བྱས་པའི་སྐོར་འཁོད་ཡོད་པ་རེད།
འདི་ཚེས་༤ཉིན་མི་ཉག་གི་གཏེར་ཁ་བཏོན་ས་ཤིག་ནས་དུག་ཆུ་ཤོར་ཏེ་ཉ་མང་པོ་ཤི་ཡོད་པ་དང་། མི་རྒྱུ་གཉིས་ལ་ཉེན་ཁ་བཟོས་ཡོད་ཙང་ས་གནས་མང་ཚོགས་ཀྱིས་གཏེར་ཁ་བསྔོག་འདོན་ལས་གྲར་ངོ་རྒོལ་བྱས་སྐབས་རྒྱ་ནག་གིས་ཉེན་རྟོག་པ་བཏང་ཡོད་པ་རེད།
གནས་ཚུལ་ཐོན་པ་ལྟར་ན། ཁམས་མི་ཉག་གར་རྒྱས་ཁ་སྟེ།  རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ཁོངས་སུ་དབྱེ་བའི་དཀར་མཛེས་ཁུལ་དར་རྩེ་མདོ་རྫོང་། ལྷ་སྒང་ཡུལ་ཤོག་གར་རྒྱས་ཁའི་ནང་དུ། རྒྱ་ནག་གི་(甘孜州融达锂业有限公司)་ཟེར་བའི་གཏེར་འདོན་ཚན་པ་ཞིག་གིས་མུ་མཐུད་དེ་གཏེར་ཁ་སྔོག་འདོན་བྱེད་དུས། ལས་གྲ་དེའི་རྫས་འགྱུར་དུག་ཆུ་ཤོར་ཏེ་ཉ་མང་པོ་ཤི་ཡོད་པ་མ་ཟད། ས་གནས་དེའི་མི་ཕྱུགས་ལའང་ཉེན་ཁ་ཆེན་པོ་བཟོས་ཡོད་སྟབས། ཟླ་འདིའི་ཚེས་༤་ཉིན་མོར་ས་གནས་དེའི་མང་ཚོགས་ཚོས་ཕ་ས་ཕ་ཡུལ་ལ་གཏོར་བརླག་གཏོང་མི་ཆོག་པ་དང་། ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ་བཅས་ཀྱི་རེ་འདུན་འོག་ཞི་བའི་ངོ་རྒོལ་བྱས་ཡོད་པར། དར་མདོ་རྫོང་སྲིད་གཞུང་གིས་གོ་མཚོན་ཁྱེར་བའི་ཉེན་རྟོག་པ་མང་པོ་ས་གནས་དེར་བཏང་ནས་མང་ཚོགས་ལ་མཐའ་བསྐོར་ཏེ་དྲག་གནོན་བྱེད་རྒྱུར་གྲ་སྒྲིག་བྱས་ཡོད་པ་རེད། འོན་ཀྱང་གནས་ཚུལ་དེ་ཁྱབ་གདལ་ཆེ་རུ་འགྲོ་བར་བརྟེན་ད་རེས་དཀར་མཛེས་ཁུལ་དར་མདོ་རྫོང་ནས་ཁས་ལེན་ཡི་གེ་དེ་སྤྲད་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད་དང་ཚེ་བརྟན་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུན་རིང་སྒོ་རྒྱབ་པའི་བོད་དང་བལ་ཡུལ་ཀྱི་ས་མཚམས་འགག་སྒོ་བཅུ་བཞི་སྒོ་ཕྱེ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎