མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་ཨ་རི་ནས་གསུང་ཆོས་གནང་བ།

2016-05-27
གློག་འཕྲིན།
མཆན།
Share
པར་བཀོད།
མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་ཨ་མི་རི་ཀའི་རྒྱལ་སའི་ཁུལ་དུ་ཆོས་འབྲེལ་གནང་སྐབས། ༢༠༡༦།༥།༢༥
མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་ཨ་མི་རི་ཀའི་རྒྱལ་སའི་ཁུལ་དུ་ཆོས་འབྲེལ་གནང་སྐབས། ༢༠༡༦།༥།༢༥
ཀླུ་འབུམ།/RFA

གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་ཨ་མི་རི་ཀའི་རྒྱལ་སར་ཕེབས་གནས་ཆོས་འབྲེལ་གནང་བ།
བོད་ནང་གི་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་གི་སློབ་སྤྱི་གཞོན་པ་མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་ཨ་མི་རི་ཀར་ཕེབས་ནས་རྒྱལ་སའི་ཁུལ་དུ་ནང་ཆོས་དད་ལྡན་པ་རྣམས་ལ་ཆོས་འབྲེལ་གནང་བཞིན་པ་རེད།
དེ་ཡང་ཕྱི་ཟླ་ལྔ་པའི་ཚེས་༢༥་ཉིན་ནས་དབུ་ཚུགས་ཀྱིས་རྒྱ་རིགས་དང་། ཝེ་ཏེ་ནམ། བོད་མི་སོགས་ཕྱི་ནང་དད་ལྡན་པ་ཚོར་ཆོས་ཉམས་ལེན་གྱི་ཐོག་ནས་ཚད་མེད་པའི་བདེ་སྐྱིད་རྙེད་ཐབས་ཅེས་བའི་བརྗོད་གཞིའི་ཐོག་གསུངས་གནང་སྐབས། མཁན་པོ་མཆོག་གིས་གཙོ་བོ་སེམས་ཅན་རྣམས་ལ་ཕན་པའི་ཆེད་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་ཀྱི་དམ་བཅའ་དང་། དེ་ནས་སངས་རྒྱས་པའི་ལམ་ཕྱོགས་སུ་འགྲོ་རྒྱུའི་དམ་བཅའ་དེ་གལ་གནད་ཆེན་པོ་ཡིན་པ། ལྷག་དོན་དུ་ནང་ཆོས་ཉམས་ལེན་པ་རྣམས་ཀྱིས་ཐོས་བསམ་སྒོམ་གསུམ་ཐོག་དམིགས་བསལ་གྱི་དོ་སྣང་གནང་དགོས་པ་དང་། ཆོས་ཞུས་པའི་རྗེས་སུ་རང་ཉིད་ཀྱིས་བསམ་བློ་བཏང་བ་དང་། ཐེ་ཚོམ་རིགས་ལ་དོགས་འདྲི་བྱས་ནས་ཆོས་ཀྱི་ནང་དོན་ཐོག་སློབ་སྦྱོང་བྱེད་རྒྱུ་དེ་ཤིན་ཏུ་གལ་གནད་ཆེན་ཡིན་པ། དེ་བཞིན་བྱང་ཆུབ་ཀྱི་སེམས་བསྐྱེད་ཉམས་ལེན་གནང་རྒྱུ་གཙོ་བོ་ཕར་ཕྱིན་དྲུག་ཡིན་པའི་སྐོར་ལ་གསུངས་བ་དང་། བློ་སྦྱོང་ཚིག་བརྒྱད་མའི་ལུང་གནང་ཡོད།
ཉེ་བའི་ཆར་མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་སོགས་ལ་ཆོས་འབྲེལ་རྗེས། ད་སྐབས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཁུལ་དུ་ཕེབས་ནས་ཟླ་བ་འདིའི་ཟླ་མཇུག་བར་དད་ལྡན་པར་གསུང་ཆོས་དང་། བགྲོ་གླེང་སོགས་ཀྱི་ལས་རིམ་སྤེལ་བཞིན་པ་ Pureland Buddhism Society་ཞེས་མཛད་རིམ་གོ་སྒྲིག་ཚོགས་ཆུང་གིས་གསལ་བསྒྲགས་སྤེལ་འདུག

གསར་འགོད་པ་འཆི་མེད།

མཆན། (0)
Share
དྲ་གནས་ཆ་ཚང༌།