ཨང་རྩིས་ཚིག་མཛོད་བསྐྱར་ཞིབ་ཀྱི་ཚོགས་འདུ་ཚོགས་འདུག

2016-11-23
གློག་འཕྲིན།
མཆན།
Share
པར་བཀོད།
བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཨང་རྩིས་ཚིག་མཛོད་བསྐྱར་ཞིབ་ཀྱི་ཚོགས་འདུ། ༢༠༡༦།༡༡།༢༣
བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཨང་རྩིས་ཚིག་མཛོད་བསྐྱར་ཞིབ་ཀྱི་ཚོགས་འདུ། ༢༠༡༦།༡༡།༢༣
tibet.net

བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཨང་རྩིས་ཚིག་མཛོད་བསྐྱར་ཞིབ་ཀྱི་ཚོགས་འདུ་ཞིག་འདུ་སྐོང་བྱས་ཏེ་བསྐྱར་ཞིབ་ཀྱི་ལས་དོན་ལེགས་གྲུབ་ཟིན་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གིས་གོ་སྒྲིག་འོག་སྤྱི་ཟླ་༡༡་ཚེས་༢༡་ནས་༢༣་བར་གྱི་ཉིན་གྲངས་གསུམ་རིང་གཉའ་ཁྲི་ཚོགས་ཁང་དུ་འཛིན་རིམ་དང་པོ་ནས་བཅུ་བ་བར་གྱི་དཔེ་རིས་ཅན་གྱི་ཨང་རྩིས་ཚིག་མཛོད་བསྐྱར་ཞིབ་དང་གཏན་འབེབས་ཀྱི་ཚོགས་འདུ་བསྐོངས་ཚོགས་གནང་འདུག
ལྷན་ཚོགས་ཐོག་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གི་འབྲེལ་ཡོད་འགན་འཁུར་བ་རྣམ་པ་དང་། ཤེས་རིག་ལས་ཁུངས་ནས་བསྐོ་བཞག་གནང་པའི་བོད་ཁྱིམ་དང་། དབུས་བོད་སློབ་འཛིན་ཚོགས་བཅས་ཀྱི་བསྐྱར་ཞིབ་ཚོགས་མི་རྣམ་པ། དེ་བཞིན་ཨང་རྩིས་སློབ་དེབ་རྩོམ་སྒྲིག་པ་གཉིས་བཅས་མཉམ་འཛོམས་གནང་ནས། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་གཏན་ལ་ཕབ་པའི་གཞི་རིམ་འོག་མ་དང་། བར་མ། གོང་མ་བཅས་ཀྱི་ཨང་རྩིས་བསླབ་གཞིའི་རྩ་འཛིན་གྱི་འབྲུ་དོན་ལྟར། ཨང་རྩིས་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གིས་རྒྱ་གར་དང་བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་སློབ་གྲ་ཁག་ཏུ་ལག་བསྟར་གནང་བཞིན་པའི་སློབ་དེབ་ཁག་གི་ནང་ནས་དབྱིན་ཡིག་གི་ཐ་སྙད་ཁག་ཟུར་འདོན་གྱིས་བོད་ཡིག་ནང་བསྒྱུར་ཟིན་པ་རྣམས་ཞིབ་བསྡུར་གྱིས་ཕྱོགས་བསྒྲིགས་བྱས་པ་དང་། གསར་བསྒྲིགས་བྱས་པའི་རགས་ཟིན་ལ་སྦྱངས་བཤད་གནང་ནས་བསྐྱར་ཞིབ་གནང་ཡོད་འདུག ཨང་རྩིས་ཚིག་མཛོད་ཀྱི་མཐའ་མའི་གཏན་འབེབས་དེ་འཆར་ལོའི་ལོ་འགོར་གནང་འཆར་ཡིན་ལུགས་ཤེས་རིག་ལས་ཁུངས་ཀྱིས་གསུངས་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།