བལ་ཡུལ་བློན་ཆེན་ཡོངས་རྫོགས་འཕྲལ་དུ་འཕོ་འགྱུར་དགོས་ལུཌ།
2011.07.31
༄༅༎བལ་ཡུལ་ནང་མའོ་དམར་ཤོག་ཚོགས་པའི་དབུ་ཁྲིད་པ་ར་ཅནྡ་ཡིས་སྲིད་བློན་ཇ་ལ་ནཐ་ཁ་ནལ་ཟུར་མཇལ་གྱིས་མནའ་སྦྲེལ་གཞུང་ནང་ཡོད་པའི་ཚོགས་པའི་བློན་ཆེན་རྣམ་པའི་དགོང་ཤོག་ཕུལ་ནས་བློན་ཆེན་ཡོངས་རྫོགས་འཕྲལ་དུ་འཕོ་འགྱུར་དགོས་པ་དང་ དེ་མིན་གཞུང་འཛིན་ནས་ཕྱིར་འཐེན་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་འདུག༎
མའོ་དམར་ཤོག་ཚོགས་པས་རེས་གཟའ་སྤེན་པའི་ཉིན་གནའ་འབྲེལ་གཞུང་འཛིན་ནང་ཡོད་པའི་ཚོགས་པའི་བློན་ཆེན་རྣམས་ཀྱི་དགོང་ཤོག་ཕུལ་བ་མ་ཟད་སྲིད་བློན་གཞོན་པ་དང་ནང་སྲིད་བློན་ཆེན་ཀིརྴི་ན་བ་ཡ་རྡུར་མ་ཧ་ར་ཡིས་སྣེ་ཁྲིད་པའི་དཔོན་རིགས་ཚོ་ཡང་འཕོ་འགྱུར་གྱིས་ཚོགས་པའི་ཚོགས་གཞོན་ན་ར་ཡན་ཀ་ཇི་ཤེརྶེ་ཐ་གྱིས་སྣེ་ཁྲིད་པའི་དཔོན་རིགས་ཁག་ཅིག་བསྐོ་གཞག་བྱ་རྒྱུར་ཐག་གཅོད་བྱས་ཡོད་འདུག། པ་ར་ཅནྡ་ཡིས་དབུས་དང་ས་གནས་ཀྱི་བློན་ཆེན་གསར་པ་བཅུ་གཉིས་ཀྱི་མིང་གཞུང་ཡང་སྲིད་སྲིད་བློན་ ཇ་ལ་ནཐ་ ཁ་ནལ་ལ་ཕུལ་ཟིན་པ་དང་ གལ་སྲིད་རེས་གཟའ་ཉི་མའི་ཉིན་གོང་ཞུས་ཚོགས་པའི་རེ་འདུན་མ་གྲུབ་ཚེ་དམར་ཤོག་ཚོགས་པ་གཞུང་འཛིན་ནས་ཕྱིར་འཐེན་བྱེད་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་འདུག། དེའི་དབར་ལ་ཕྱོགས་འགལ་ཚོགས་པ་གཏེ་བ་ བལ་ཡུལ་ཀོང་རེསེ་ཚོགས་པས་བར་བརྒལ་གྱི་གཞུང་འཛིན་དུས་ཚོད་འཕར་རྒྱང་སྐབས་སྲིད་བློན་ ཇ་ལ་ནཐ་ དགོངས་པ་ཞུ་བྱ་རྒྱུ་སོགས་དོན་ཚན་ལྔ་ལག་ལེན་མ་འཁེལ་བར་དུ་གཞུང་ལ་ངོ་རྒོལ་མུ་མཐུད་ནས་བྱ་རྒྱུ་ཡང་ སྲིད་བློན་གྱིས་མའོ་དམར་ཤོག་ཚོགས་པའི་བློན་ཆེན་གསར་དུ་བསྐོ་གཞག་གནང་བ་འགྲིག་ཐབས་མེད་ལུགས་བརྗོད་ཡོད་འདུག༎