བོད་ཀྱི་ཆོས་ལུགས་ཐོག་སྔར་བས་དམ་དྲག་ཆེ་རུ་གཏོང་བཞིན་ཡོད་པའི་སྐོར་གྱི་སྙན་ཐོ།

2021.03.11
བོད་ཀྱི་ཆོས་ལུགས་ཐོག་སྔར་བས་དམ་དྲག་ཆེ་རུ་གཏོང་བཞིན་ཡོད་པའི་སྐོར་གྱི་སྙན་ཐོ། རྒྱ་ནག་དམར་ཤོག་གཞུང་གིས་བོད་ཀྱི་ཆོས་ལུགས་ཐོག་སྔར་བས་དམ་དྲག་ཆེ་རུ་གཏོང་བཞིན་ཡོད་པའི་སྐོར་གྱི་སྙན་ཐོ་གསར་པ་ཞིག་ནང་གསལ་སྟོན་གནང་འདུག
རང་དབང་ཁང་པ།

དེ་ཡང་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ཟླ་༣ཚེས་༡༠བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་སྙན་ཐོ་གསར་པ་ཞིག་བཏོན་པའི་ནང་།  རྒྱ་ནག་གཞུང་གིས་བོད་མིའི་ཆོས་ལུགས་ཐོག་ལ་སོ་ལྟའི་བྱ་སྤྱོད་དང་སྟངས་འཛིན་ཇེ་ཆེར་གཏོང་བཞིན་པ་དེས་བོད་མི་རྣམས་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ལག་ཆ་ཞིག་ཏུ་བསྒྱུར་རྒྱུའི་ཉེན་ཁར་འགྱུར་བཞིན་ཡོད་པ་དང་། ལག་བསྟར་བྱེད་དགོས་པའི་སྒྲིག་སྲོལ་དང་དགོན་སྡེ་ཁག་ལ་འགྱུར་བ་བཏང་ནས་དགེ་འདུན་པ་དང་བཙུན་མ་རྣམས་རྒྱ་ནག་དམར་ཤོག་ཚོགས་པར་ཞབས་འདེབས་ཞུ་མཁན་ཞིག་ཏུ་བསྒྱུར་ཐབས་བྱེད་བཞིན་ཡོད།  བསྒྱུར་བཅོས་གཏོང་ཐབས་བྱེད་པ་དེ་དག་ནང་དུ་དགོན་སྡེ་དང་བཙུན་དགོན་ཚོའི་ཐོག་ལ་རྒྱ་ནག་དམར་ཤོག་ཚོགས་པའི་ཐད་ཀར་ལྟ་རྟོགས་དང་།  ཉེན་རྟོག་པ་བཙུགས་པ།  དགོན་སྡེ་ཁག་ནང་དམར་ཤོག་ཚོགས་པའི་ཧུར་བརྩོན་དཔུང་ཁག་བཙུགས་ནས་དགེ་འདུན་པ་དང་བཙུན་མ་ཚོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྐྱོན་བརྗོད་དང་།  མཚན་སྨད་ཞུ་རྒྱུའི་གནོན་ཤུགས་སྤྲོད་བཞིན་པ།   བོད་མིའི་འཚེ་མེད་ཞི་བའི་ལས་འགུལ་གྱི་སྣེ་ཁྲིད་པ་དང་།  བོད་མིའི་ཐོུང་མ་ཡིན་པའི་རིག་གཞུང་།   དགེ་འདུན་པ་དང་བཙུན་མ་རྣམས་ནི་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་ཡུལ་སྡེ་ཁག་གཙོ་བོ་ཡིན་པའི་སྐོར་བཀོད་ཡོད་པ་རེད།

རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་ནང་ཆོས་ལུགས་ནི་རྒྱ་ནག་གཞུང་གི་ལམ་ལུགས་ལ་ཉེན་ཁ་བཟོ་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་ལུགས་ཐོག་ལ་འཛིན་པའི་སྲིད་ཇུས་དང་བྱེད་ཐབས་གསར་པ་དེ་ཡིས་བོད་ཀྱི་ཆོས་ལུགས་རྒྱུན་འཛིན་དང་ཉམས་ལེན་བྱ་རྒྱུ།  ཆོས་ལུགས་ཀྱི་རང་དབང་ལ་ཉེན་ཁ་བཟོ་མཁན་ཞིག་ཡིན་པའི་སྐོར་གསུངས་འདུག

བོད་མིའི་ཆོས་ལུགས་ཐོག་ལ་དམ་དྲག་ཇི་ལྟར་བྱེད་ཀྱི་ཡོད་པའི་དཔེ་མཚོན་ཁག་ཅིག་ཀྱང་ལུང་འདྲེན་གནང་ཡོད་ལ།  ལྷག་དོན་རྒྱ་ནག་གཞུང་གི་བྱ་ཐབས་གསར་པ་དེ་ཡིས་དགོན་སྡེ་ཁག་ནང་སློབ་གཉེར་བྱེད་མཁན་ཐོག་ལ་རིམ་པས་འགོག་རྐྱེན་བཟོ་ཐབས་ཤིག་དང་།  དགེ་འདུན་པ་དང་བཙུན་མ་ཚོར་དགོན་སྡེ་ཕན་ཚུན་དུ་རང་དབང་གི་འགྲོ་བསྐྱོད་ཀྱི་ཐོབ་ཐང་དང་  དགེ་རྒན་དང་སློབ་གཉེར་བྱེད་ཡུལ་འཚོལ་བར་འགྲོ་རྒྱུར་དམ་དྲག་བྱེད་པ་དང་།  དགོན་པའི་བསླབ་པ་སློབ་གཉེར་ཐོག་ལ་དམ་དྲག་བྱེད་པ་།  ཕྲུ་གུའི་སྐབས་ནས་དགོན་པའི་སློབ་གཉེར་ནང་ཞུགས་པའི་ཐོབ་ཐང་མེད་པ་སོགས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བཏོན་གནང་བའི་སྙན་ཐོ་གསར་པ་དེའི་ནང་ལུང་འདྲེན་གནང་འདུག

ཡང་ཉེ་ཆར་ཨ་རིའི་ནང་རྟེན་གཞི་བྱས་པའི་རང་དབང་ཁང་པ་(Freedom House)ཞེས་པའི་ཞིབ་འཇུག་ལྟེ་གནས་ཁང་གིས། འདས་བའི་༢༠༢༠ལོའི་ནང་རྒྱལ་སྤྱིའི་ཐོག་ཆབ་སྲིད་དང་སྤྱི་དམངས་རང་དབང་གི་གནས་བབ་སྐོར་ཞིབ་འཇུག་གི་སྙན་ཐོ་འདོན་སྤེལ་བྱས་བའི་ནང་། དེ་སྔ་༢༠༡༩ལོར་བོད་དེ་འཛམ་གླིང་ནང་རང་དབང་གི་ཚད་གཞི་དམའ་ཤོས་སྡུག་ཤོས་ཀྱི་རྒྱལ་ཁབ་ཨང་གཉིས་པ་གསལ་ཡོད་པ་དེ་༢༠༢༠ལོར་རང་དབང་གི་ཚད་གཞིའི་ཐད་ནས། བོད་དང་དཀྱིལ་ཤར་ཡུལ་གྲུ་སའེ་རེ་ཡ་(Syria)གཉིས་རང་དབང་གི་ཚད་དམའ་ཤོས་དང་སྡུག་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོ་དེ་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ་བཞིན་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎