རྒྱ་ནག་གིས་ཁམས་བྲག་མགོ་ཕྱོགས་སུ་དམ་དྲག་དང་སུན་གཙེར།

2014-01-29
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གིས་ཁམས་བྲག་མགོ་ཕྱོགས་སུ་དམ་དྲག་དང་སུན་གཙེར་བྱེད་བཞིན་པའི་རྣམ་པ། ༢༠༡༤་ཟླ་དང་པོར།
རྒྱ་ནག་གིས་ཁམས་བྲག་མགོ་ཕྱོགས་སུ་དམ་དྲག་དང་སུན་གཙེར་བྱེད་བཞིན་པའི་རྣམ་པ། ༢༠༡༤་ཟླ་དང་པོར།
པར། བོད་འབྱོར།

དཔྱིད་གསར་དུས་ཆེན་ནམ་ལོ་གསར་སླེབས་ལ་ཉེ་བ་དང་རྒྱ་ནག་གཞུང་གིས་ཁམས་བྲག་མགོ་ཕྱོགས་སུ་མངོན་གསལ་དོད་པོས་དམ་དྲག་བྱས་ནས་བོད་མི་ཚོར་སུན་པོ་བཟོ་བཞིན་པ་རེད།
དེ་ཡང་ཕྲན་ལ་གནས་ཚུལ་འབྱོར་དོན། དེ་སྔོན་དཔྱིད་གསར་དུས་ཆེན་ནམ་རྒྱ་ལོའི་ལོ་གསར་སྐབས་ཁམས་བྲག་མགོ་ཕྱོགས་ཀྱི་བོད་མི་ཚོས་བོད་དོན་ཆེད་ཞི་བའི་ཡར་ལངས་བྱས་ཡོད་པར་བརྟེན། ད་ལོར་དཔྱིད་གསར་དུས་ཆེན་ནམ་རྒྱ་ལོའི་ལོ་གསར་སླེབས་ལ་ཉེ་བའི་ཟླ་༡པོའི་ཚེས༢༠་ཙམ་ནས་ཁམས་བྲག་མགོ་རྫོང་ཐོག་ཏུ་མི་མང་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཏེ་ལོ་གཉིས་དང་། ཕྱི་ལོ་༢༠༡༤ ལོའི་དཔྱིད་གསར་དུས་ཆེན་ཤར་ལ་ཉེ་བའི་སྐབས་འདིར་རྒྱ་ནག་གཞུང་གིས་བསྐྱར་དུ་ཁམས་བྲག་མགོ་ཕྱོགས་སུ་མངོན་གསལ་ཀྱིས་དམག་མི་དང་ཉེན་རྟོག་པ་ཇེ་མང་ལ་བཏང་ནས་དམ་དྲག་ཇེ་ཆེར་བཏང་བ་དང་། སྲང་ལམ་ཁག་ནས་བོད་མི་ཚོར་གང་བྱུང་གིས་སྔོག་བཤེར་བྱས་ནས་ཐོབ་ཐང་ལག་འཁྱེར་ལ་རྟག་དཔྱད་བྱེད་པ་སོགས་བྱེད་བཞིན་པ་རེད། ས་གནས་བོད་མི་ཞིག་གིས་བརྗོད་དོན། ཉིན་འདི་གར་རྒྱ་ནག་གི་དམག་མིའི་རླངས་འཁོར་འདྲ་མིན་སྒྲིག་ནས་སྲང་ལམ་ཁག་ལ་སྐོར་བསྐྱོད་བྱེད་པ་དང་། ཉིན་མཚན་མེད་པར་དམག་མི་མང་པོ་དཔུང་བསྐྱོད་བྱེད་བཞིན་པ་འདིས་ས་གནས་བོད་མི་ཚོར་སྔ་ས་ནས་འཇིག་སྐུལ་བྱེད་བཞིན་པ་གསལ་བོ་རེད། མ་ཟད་ཉིན་འདི་དག་ལ་ཟ་ཁང་དང་ཇ་ཁང་སོགས་སུ་བོད་མི་གང་མཚམས་འཛོམས་པ་དང་རྒྱ་ནག་གི་དམག་མི་ཡོང་གི་འདུག གནས་སྟངས་འདི་ཧ་ཅང་སུན་པོ་འདུག་ཟེར།
སྤྱི་ལོ་༢༠༡༢ ལོའི་ཟླ་༡ ཚེས་༢༣ ཉིན་རྒྱ་ནག་གི་དཔྱིད་གསར་དུས་ཆེན་སྐབས་ཁམས་བྲག་མགོ་རྫོང་ཐོག་ཏུ་བོད་མི་ཚོས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པར། རྒྱ་གཞུང་གིས་བོད་མི་ཚོའི་ཁྲོད་གང་བྱུང་གིས་མེ་མདའ་བརྒྱབ་སྟེ་ཁག་ཅིག་གི་ཚེ་སྲོག་ཤོར་ཡོད། རྗེས་སུ་རྒྱ་ནག་གིས་བྲག་མགོ་དགོན་པའི་ཉེ་འདབས་ལ་ཆེད་དུ་ཉེན་རྟོག་ལས་ཁུངས་གསར་འཛུགས་བྱས་ཡོད་འདུག
གསར་འགོད་པ་ཀླུ་འབུམ།

མཆན། (0)
Share
དྲ་གནས་ཆ་ཚང༌།