འབར་ཁམས་ཕྱོཊ་སུ་འགྲིམ་འགྲུལ་གྱི་དཀའ་ངལ་ཤུཊ་ཆེན་ཡོད་འདུག


2017.01.26
ཆར་ཆུ་དང་འདམ་རྙོག་གིས་ཁེངས་བའི་འབར་ཁམས་དང་ཚོ་བདུན་ཕྱོགས་ཀྱི་གཞུང་ལམ། ༢༠༡༦ ཆར་ཆུ་དང་འདམ་རྙོག་གིས་ཁེངས་བའི་འབར་ཁམས་དང་ཚོ་བདུན་ཕྱོགས་ཀྱི་གཞུང་ལམ། ༢༠༡༦
བོད་འབྱོར།

འབར་ཁམས་དང་རྒྱལ་རོང་ཚོ་བདུན་ཕྱོགས་ཀྱི་གཞུང་ལམ་ཡག་པོ་མེད་པའི་དཀའ་ངལ་ཇེ་ཆེ་ཡིན་ཡང་གཞུང་ཕྱོགས་ནས་བདག་སྤྲོད་བྱེད་ཀྱི་མེད་པ་རེད་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༠༩་ཙམ་ནས་རྔ་བ་རང་སྐྱོང་ཁུལ་འབར་ཁམས་དང་རྒྱལ་རོང་ཚོ་བདུན་ཕྱོགས་ཀྱི་གཞུང་ལམ་མང་པོ་ཆར་ཆུ་དང་རི་ཉུལ་བ་སོགས་ཀྱིས་འཕྲོ་བརླག་ལ་སོང་ནས། ཆར་ཆུ་དང་འདམ་རྙོག་གིས་ཁེངས་ཞིང་འགྲོ་བསྐྱོད་འགྲུལ་བཞུད་སྟབས་བདེ་མེད་པ་དང་། རླངས་འཁོར་རྡབ་སྐྱོན་སོགས་ཀྱི་དོན་རྐྱེན་ཡང་ཡང་ཡོང་བཞིན་པའི་དཀའ་ངལ་འདྲ་མིན་ཇེ་ཆེར་འགྲོ་བཞིན་ཡོད་འདུག
ས་གནས་བོད་མི་ཞིག་གིས་བརྗོད་དོན། འདས་པའི་ལོ་ངོ་དེ་དག་ནང་གཞུང་ལམ་གྱི་དཀའ་ངལ་དེས་ས་གནས་ཡུལ་མིར་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་པ་དང་། ཐ་ན་ནད་པའི་རིགས་ཛ་དྲག་གིས་འབར་ཁམས་སྨན་ཁང་དུ་བསྐྱེལ་སྐབས་གཞུང་ལམ་ཡག་པོ་མེད་པར་བརྟེན་དུས་ཐོག་སྨན་ཁང་དུ་སླེབས་མ་ཐུབ་པར་ལམ་བར་ནས་འཆི་སྐྱོན་བྱུང་བ་ཉུང་ཉུང་མིན་ལ། གཞུང་ལམ་གྱི་དཀའ་ངལ་དེ་སེལ་ཆེད་ས་གནས་ཡུལ་མི་དང་སྡེ་གྲོང་ཚོས་ཡང་ནས་བསྐྱར་དུ་ས་གནས་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་ཁུངས་ཚན་པར་ཡར་ཞུ་དང་། གཞུང་ལམ་གྱི་དཀའ་ངལ་སེལ་ཐབས་ཡོང་བའི་རེ་སྐུལ་ཞུས་ཀྱང་ད་བར་གཞུང་ཕྱོགས་ནས་བདག་སྤྲོད་བྱེད་མཁན་མ་བྱུང་བ་གསལ་བཤད་བྱས་ཡོད་པ་རེད།
འོན་ཀྱང་རྒྱ་ནག་གཞུང་གིས་བོད་ནང་དཔལ་འབྱོར་དང་། འཚོ་བ། ཆུ་གློག་དང་འགྲིམ་འགྲུལ་སོགས་ཡར་རྒྱས་ཀྱི་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པ་ཕྱི་ལ་དྲིལ་བསྒྲགས་བྱེད་བཞིན་པ་རེད།
གོང་བརྗོད་ཟི་ཁྲོན་རྔ་བ་རང་སྐྱོང་ཁུལ་དཀའ་ངལ་ཡོད་པའི་གཞུང་ལམ་དེ་འབར་ཁམས་ནས་ཚོ་བདུན་ཡུལ་ཚོ་དང་། ལུང་རྒྱ་ཡུལ་ཚོ། ཟླ་ཚང་ཡུལ་ཚོ། ཅོམ་མཛོ་ཡུལ་ཚོ། ཁང་གསར་ཡུལ་ཚོ། རི་བྷོ་ཡུལ་ཚོ། གསེར་ཡུལ་ཚོ་བཅས་ཡུལ་ཚོ་བདུན་གྱི་བར་འབྲེལ་བའི་གཞུང་ལམ་ཞིག་ཡིན་པ་དང་། ཁྱོན་རོབ་རྩིས་བྱས་ན་རིང་ཐུང་སྤྱི་ལེ་༨༠་ལྷག་ཡོད་པ་རེད་འདུག།

གསར་འགོད་པ་ཀླུ་འབུམ། ཞུ་དག་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎