ནོར་བ་ཡོན་ཏན་གྱི་སྐུ་ཕུང་བྲག་མགོ་དགོན་དུ་ཡོད་པ།

ཁམས་བྲག་འགོ་དང་གསེར་རྟ་ཁུལ་དམར་བསད་བཏང་བའི་བོད་མི་ནོར་བ་ཡོན་ཏན་གྱི་ཆེད་དུ་ས་གནས་སུ་ཆོས་འབུལ་སྨོན་ལམ་ཚོགས་པའི་སྐོར།

2012.01.28

༄༅༎ཉེ་དུས་བོད་ཁམས་བྲག་འགོ་དང་གསེར་རྟ་ཁུལ་ལ་བོད་མིས་ཞི་བའི་ངོ་རྒོལ་བྱེད་པའི་སྐབས་རྒྱ་ནག་ཉེན་རྟོག་པས་གང་བྱུང་མེ་མདའ་བརྒྱབ་ནས་བོད་མི་བསད་རྨས་བཏང་བའི་གནས་ཚུལ་རིམ་ཐོན་བྱུང་བ་ལྟར་ཚེས་༢༣་ཉིན་དམར་བསད་བཏང་བའི་བོད་མི་ནོར་བ་ཡོན་ཏན་གྱི་ཆེད་དུ་ས་གནས་སུ་ཆོས་འབུལ་སྨོན་ལམ་ཚོགས་པའི་སྐོར་ས་གནས་ནས་བོད་མི་ཞིག་གིས་ངོ་སྤྲོད་གནང་ཡོད་པ་རེད། 
དེའང་ཁམས་བྲག་མགོར་བོད་མིས་ཞི་བའི་ངོ་རྒོལ་བྱེད་པའི་ནང་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་དམར་བསད་བཏང་བའི་བོད་མི་ནོར་བ་ཡོན་ཏན་གྱི་སྐུ་ཕུང་བྲག་མགོ་དགོན་གྱིས་བདག་པོ་བརྒྱབ་ཡོད་པར་འདས་པོ་དེའི་་ཆེད་དུ་མ་ཎི་གསོག་སྒྲུབ་སོགས་མཆོད་འབུལ་སྨོན་ལམ་དང་། ཁོང་གི་སྐུ་ཕུང་མཇལ་བར་ཉེ་འདབས་ཀྱི་རྟའུ་དང་། དཀར་མཛེས་གསེར་རྟ་སོགས་ནས་བོད་མི་མང་པོ་ཡོང་བཞིན་པ་ལ་ཉེན་རྟོག་པས་དམ་བསྒྲཌ་ཅི་ཆེ་བྱུང་བ་ངོ་སྤྲོད་གནང་བ་དང་། གཞན་ཡང་གསེར་རྟ་དགོན་ལ་རྒྱ་ནག་དྲག་ཆས་ཉེན་རྟོག་དམག་གིས་ཕྱི་ནང་གང་ས་ནས་མཐའ་བསྐོར་གྱིས་བོད་མི་ཚོ་ཕར་འགྲོ་ཚུར་འོང་མི་ཆོག་པའི་དམ་བསྒྲགས་ནན་པོ་བྱེད་པ་དང་། དེ་མིན་གནས་ཚུལ་ངོ་སྤྲོད་གནང་དོན་ལ་འདས་གྲོངས་སུ་གྱུར་བ་ཟླ་བ་གྲཌ་པའི་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པར་འདི་ཟླའི་ཚེས་༢༧་ཉིན་དཀར་མཛེས་ཁུལ་དར་མདོར་འཁྱེར་ནས་རྒྱ་ནག་གཞུང་གིས་བཀའ་བཀོད་ལྟར་ཕུང་པོ་མེར་བསྲེག་བཏང་ཡོད་འདུག ཕྱོགས་མཚུངས་ཁོང་གིས་ངོ་སྤྲོད་གནང་བའི་ནང་ གསེར་རྟ་ཁུལ་གྱི་སྲིད་གཞུང་གི་འབྲེལ་ཡོད་དཔོན་རིགས་ཆེ་གྲས་མ་གཏོགས་བརྡ་འཕྲིན་ཡོད་ཚད་ཀྱི་འབྲེལ་ལམ་བཅད་ཡོད་པ་མ་ཟད། དྲ་རྒྱའི་འབྲེལ་ལམ་ཡང་གཏན་འགོག་བྱས་ཡོད་པར་བརྟེན་དཀར་མཛེས་དང་རྟའུ་སོགས་ཀྱི་དངོས་ཡོད་གནས་ཚུལ་ཕྱི་ཕྱོགས་སུ་བརྒྱུད་འགྲེམས་བྱེད་པ་ཧ་ཅང་ཁག་པོ་ཆགས་ཡོད་པ་དང་ད་དུང་རྒྱ་ནག་ཟི་ཁྲོན་དའེ་ཡང་དང་། མེའེ་ཡང་གི་དམག་ཁུལ་ཁང་གིས་དམག་མི་མང་པོ་བོད་ལ་རྒོལ་རྡུང་གཏོང་བར་ཁ་སྣོན་གཏོང་བཞིན་པའི་གནས་ཚུལ་ཡང་ངོ་སྤྲོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཐེ་ཝན་སྲིད་འཛིན་གྱི་ལས་འཁུར་དམ་འབུལ་མཛད་སྒོར་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་མཉམ་ཞུགས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎