སུད་སིར་རྒྱ་ནག་གི་སྲིད་འཛིན་ལ་བསྟུད་མར་ངོ་རྒོལ་བྱས་འདུག


2017.01.18
སུད་སུར་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་རྒྱ་ནག་གི་སྲིད་འཛིན་ལ་བསྟུད་མར་ངོ་རྒོལ་བྱེད་བཞིན་པ། ༢༠༡༧།༡།༡༨ སུད་སུར་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་རྒྱ་ནག་གི་སྲིད་འཛིན་ལ་བསྟུད་མར་ངོ་རྒོལ་བྱེད་བཞིན་པ། ༢༠༡༧།༡།༡༨
JU/FB

སུད་སིར་བོད་མི་དང་ཡུ་གུར་སོགས་ཀྱིས་མུ་མཐུད་ནས་རྒྱ་ནག་གི་སྲིད་འཛིན་ཞེ་ལ་ངོ་རྒོལ་ཤུགས་ཆེན་བྱས་འདུག
དེ་ཡང་རྒྱ་ནག་གི་སྲིད་འཛིན་ཞེ་སུད་སིའི་གྲོང་ཁྱེར་Geneva་ནང་འབྱོར་སྐབས་བོད་མི་དང་། ཡུ་གུར་བ་སོགས་མང་པོས་བོད་ནང་མི་རིགས་རྩ་བརླག་གཏོང་རྒྱུ་མཚམས་འཇོག་བྱེད་དགོས་ཞེས་པ་སོགས་ཀྱི་སྐད་འབོད་ཤུགས་ཆེ་རྒྱབ་ནས་ངོ་རྒོལ་བྱས་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་སུད་སི་ནང་བདུན་ཕྲག་གཅིག་ཙམ་རིང་བཞུགས་སྐབས་སུད་སི་དཔོན་རིགས་དང་མཇལ་འཕྲད་ཞུ་རྒྱུ་དང་། ཚོང་དོན་གྲོས་མོལ་གནང་རྒྱུ། དེ་བཞིན་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་འཁོར་ཚོགས་ཆེན་ཐོག་མཉམ་ཞུགས་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་ལྟར་ངོ་རྒོལ་ལས་འགུལ་ཁག་ཡང་མུ་མཐུད་ནས་སྤེལ་བཞིན་པ་རེད།
ཚེས་༡༨་གཟའ་ལྷག་པའི་ཉིན་སྲིད་འཛིན་གྱིས་གྲོང་ཁྱེར་Genevaའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གསར་པ་སྐུ་ཞབས་Antonio Guterres་ལགས་དང་མཇལ་འཕྲད་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཁང་དུ་གཟིགས་སྐོར། ཉིན་རྒྱབ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ནང་དམིགས་བསལ་གསུང་བཤད་གནང་བ་སོགས་ཀྱི་སྐབས་ཕྱི་ཕྱོགས་ནས་བོད་མི་ཚོས་ངོ་རྒོལ་ལས་འགུལ་སྤེལ་བར་བརྟེན་ཉུང་མཐར་བོད་མི་བཞི་ཉེན་རྟོག་པས་འཇུ་བཟུང་བྱས་འདུག
གནས་ཚུལ་ལྟར་ན། སུད་སིའི་ཉེན་རྟོག་པས་ཞི་བའི་ངོ་རྒོལ་ལས་འགུལ་བའི་ཐོག་དམ་དྲག་དང་། ཚོད་འཛིན། འཇུ་བཟུང་བྱས་དང་བྱེད་བཞིན་ཡོད་པ་དང་། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་བྱེད་བཞིན་པའི་གནས་ཚུལ་དེ་ཚོ་སུད་སི་རྒྱལ་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་ཆེན་པོ་བྱེད་བཞིན་པ་སྤྱི་ཟུར་དབང་པོ་བཀྲས་མཐོང་གིས་གནས་ཚུལ་སྤེལ་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་པཎ་ཆེན་དུ་བསྐོས་པ་རྒྱལ་མཚན་ནོར་བུ་བལ་ཡུལ་ནང་ཡོང་རྒྱུ་ཡིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་བདམས་ཐོན་སྲིད་འཛིན་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་(David Perdue)་ལགས་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎