ཕུད་ཟིན་པའི་བཙུན་མ་ཚོ་གནས་སྐབས་ལྕཊ་ཤོག་ཁང་པར་སྤོར་འདུག

2016-12-14
གློག་འཕྲིན།
མཆན།
Share
པར་བཀོད།
གསེར་རྟ་འཛུ་ཆེན་ཁོག་ལ་རྒྱབ་པའི་ལྕགས་ཤོག་གི་ཁང་པ། ༢༠༡༢།༡༢
གསེར་རྟ་འཛུ་ཆེན་ཁོག་ལ་རྒྱབ་པའི་ལྕགས་ཤོག་གི་ཁང་པ། ༢༠༡༢།༡༢
བོད་འབྱོར།

གསེར་རྟ་བླ་རུང་ཆོས་སྒར་ནས་ཕྱིར་ཕུད་བྱས་བའི་བཙུན་མ་གཅིག་སྟོང་ཙམ་འཛུ་ཆེན་ཁོག་ལ་གནས་སྐབས་ལྕགས་ཁང་ནང་སྤོར་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་བཤིག་གཏོང་བཞིན་པ་དང་མཉམ་ད་བར་གསེར་རྟ་བླ་རུང་ཆོས་སྒར་ནས་ཕྱིར་ཕུད་བྱས་ཟིན་བའི་དཀར་མཛེས་ཕྱོགས་ཀྱི་བཙུན་མ་གཅིག་སྟོང་ཙམ་གསེར་རྟ་རྫོང་ཁོངས་ཀྱི་གསེར་རྟ་བླ་རུང་ཆོས་སྒར་དང་རྒྱང་ཐག་སྤྱི་ལེ་ཁ་ཤས་སར་ཡོད་པའི་འཛུ་ཆེན་ཁོག་ས་གནས་ལ་གནས་སྐབས་ལྕགས་ཤོག་གི་ཁང་པ་རྒྱབ་ནས་དེར་སྤོར་བཞིན་པ་ལྟར། ས་གནས་བོད་མི་ཞིག་གིས་བརྗོད་དོན། རྒྱ་ནག་གཞུང་གིས་གསེར་རྟ་སྒར་གྱི་གྲྭ་ཤག་གཏོར་བཤིག་དང་བཙུན་མ་ཕྱིར་ཕུད་བྱས་ཀྱང་། ཁས་ལེན་བྱས་བ་ལྟར་ཁོང་ཚོ་འགྲོ་སའི་བཙུན་དགོན་དུས་ཐོག་གྲྭ་སྒྲིག་མེད་པར་བརྟེན་ལྕགས་ཤོག་གི་ཁང་པ་དེ་དག་ནི་དཀར་མཛེས་ཕྱོཊ་ཀྱི་ཇོ་མོ་རྣམས་གནས་སྐབས་འདུག་སའི་ས་ཚིགས་ཤིག་ཡིན་པ་བརྗོད་བྱུང་།
ཟླ་བ་འདི་ཚེས་༡༢་ཉིན། འཛུ་ཆེན་གནས་སྐབས་ཇོ་སྒར་དུ་མཁན་པོ་ཚུལ་ཚུལ་ཁྲིམས་བློ་གྲོས་དང་། མཁན་པོ་རིག་དར། མཁན་པོ་ཚུལ་ཁྲིམས་རྣམས་པ་ཚོ་ཕེབས་ནས་ལྕགས་ཁང་གསར་བར་གཟིགས་ཞིབ་གནང་ཡོད་འདུག
སྐབས་དེར་མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་བཙུན་མ་ཚོར་བཞུགས་ས་སོགས་ཀྱི་ཐད་དཀའ་ངལ་གང་ཡོད་དྲིས་བ་མ་ཟད། གནས་སྐབས་ཇོ་སྒར་ནས་བཙུན་མ་ཚོར་ཆོས་འབྲེལ་གནང་འདུག
ཐོག་བརྩེགས་གཉིས་ཅན་གྱི་ལྕགས་ཁང་དེ་དག་རྒྱ་ནག་གཞུང་གིས་འགྲོ་གྲོན་བཏང་སྟེ་གསར་རྒྱག་བྱས་པ་ཡིན་འདུག་ཅིང་། སྡོད་ཁང་བདུན་བརྒྱ་ཙམ་འཛུགས་བསྐྲུན་ཟིན་ཡོད་འདུག
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཏོར་བཤིག་གི་ལས་དོན་མུ་མཐུད་དུ་སྤེལ་བཞིན་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ།

མཆན། (0)
Share
དྲ་གནས་ཆ་ཚང༌།