ཡུ་གུར་བ་Tohtiཐོག་སྔོན་འགྲོའི་ཁྲིམས་བཤེར་བྱེད་འཆར་ཡོད་འདུག


2014.08.28
པེ་ཅིན་ལ་བཞུགས་མཁན་ཡུ་གུར་མི་རིགས་དགེ་རྒན་ཆེན་མོ་Ilham Tohtiའཛིན་བཟུང་མ་བྱས་སྔོན་འཛིན་ཁང་དུ།
པར། AFP

Tohtiཡི་སློབ་ཕྲུག་གསུམ་ཙམ་ཡང་འཛིན་བཟུང་གིས་ཁ་བྲལ་གྱི་ལས་འགུལ་སྤེལ་གྱི་ཡོད་ལུགས་བཤད་འདུག
དེ་ཡང་ལོ་འདིའི་ཕྱི་ཟླ་དང་པོའི་ནང་རྒྱ་ནག་གཞུང་ནས་འཛིན་བཟུང་དོ་དམ་བྱས་པའི་ཡུ་གུར་མི་རིགས་ཀྱི་མཁས་དབང་Ilham Tohtiཐོག་སྔོན་འགྲོའི་ཁྲིམས་བཤེར་བྱེད་རྒྱུའི་དུས་ཚོད་ཉིན་ཤས་རིང་ཕྱིར་བཤོལ་གྱིས་འཆར་ཟླའི་ཚེས་བདུན་ཉིན་བྱེད་རྒྱུའི་གཏན་འབེབས་བྱུང་ཡོད་པ་དང་། ཁྲིམས་བཤེར་བྱེད་པའི་སྐབས་མཁས་དབང་ཀྲོཧ་ཀྲི་དངོས་སུ་ཕེབས་སྲིད་པ་རེད། ཁོང་འཛིན་བཟུང་དོ་དམ་བྱེད་དགོས་དོན་ནི། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་གནོད་སྐྱོན་གཏོང་མཁན་ཡིན་ལུགས་ཉེས་འཛུགས་བྱས་ཡོད་སྟབས། ཁྲིམས་བཤེར་སྐབས་རྒྱུན་གཏན་བཞིན་མ་ཡིན་པར་འབྲེལ་ཡོད་མ་གཏོགས་མི་གཞན་ཟུར་ཉན་ལྟབུར་ཡོང་རྒྱུར་ཆོག་མཆན་སྤྲད་ཀྱི་མ་རེད་བསམ་གྱི་འདུག་ཅེས་ཁོང་གི་ཁྲིམས་རྩོད་པ་ལིའུ་ཤའོ་ཡོན་གྱིས་འདི་ག་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་བྱས་འདུག ཡང་ཁྲིམས་རྩོད་པས་མུ་མཐུད་ནས་འགྲེལ་བརྗོད་གནང་དོན། ད་བར་ང་ཚོ་ཁྲིམས་རྩོད་པར་ཁོང་ལ་ནག་ཉེས་བཙུགས་པའི་དཔང་རྟགས་ཀྱི་ཝི་དྲོ་བརྙན་པར་ཡོད་ལུགས་བཤད་ཀྱི་ཡོད་པ་དེ་རྩ་བ་ནས་ལྟ་རྒྱུའི་གོ་སྐབས་སྤྲད་ཡོད་མ་རེད་། ང་ཚོའི་ངོས་ནས་ཁོང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་གཞིའི་ལས་དོན་སྤེལ་ཡོད་པར་ཡིད་ཆེས་བྱེད་ཀྱི་མེད་ཅེས་གསུངས་འདུག རིང་མིན་སྔོན་འགྲོའི་ཁྲིམས་བཤེར་བྱས་པའི་རྗེས་སུ་དངོས་གཞིའི་ཁྲིམས་བཤེར་བྱེད་རྒྱུར་དུས་ཚོད་རིང་པོ་འགོར་གྱི་མ་རེད་ཅེས་གསུངས་འདུག གོང་དུ་ཞུས་པའི་ཡུ་གུར་མི་རིགས་ཀྱི་མཁས་དབང་སྐུ་ཞབས་ཀྲོཧ་ཀྲི་མཆོག་ནས་རྒྱུན་དུ་ཤིན་ཅང་ཡུ་གུར་མི་རིགས་ཚོར་རང་སྐྱོང་ལྗོངས་ཀྱི་གནས་བབ་ནུས་པ་ལྡན་པ་ཞིག་སྤྲོད་དགོས་པའི་འཐབ་རྩོད་གནང་མཁན་ཞིག་ཡིན་པ་རེད། སྔོན་འགྲོའི་ཁྲིམས་བཤེར་མ་བྱས་གོང་ལ་ཁོང་གི་ནང་མི་ཚོ་ཐུག་འཕྲད་བྱེད་རྒྱུའི་ཆོག་མཆན་སྤྲད་ཀྱི་མེད་པའི་སྐོར་ཡང་འགྲེལ་བརྗོད་བྱས་འདུག དེ་དང་ཕྱོགས་མཚུངས་ཁོང་གི་སློབ་ཕྲུག་གསུམ་ཙམ་ཡང་འཛིན་བཟུང་གིས་ཁ་བྲལ་གྱི་ལས་འགུལ་སྤེལ་གྱི་ཡོད་ལུགས་སྐྱོན་འཛུགས་བྱས་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎