བལ་ཡུལ་གྱི་སྲིད་བློན་གྱིས་རྒྱ་ནག་ནང་འཚམས་གཟིགས་སྐབས་ཀྱི་གྲོས་རིམ་ཁྲོད་བོད་ཀྱི་ས་མཚམས་དང་འབྲེལ་བའི་བདེ་འཇགས་སྐོར་གྱི་གྲོས་མཐུན་ཚུད་ཡོད་འདུག
ཕྱི་ཟླ་༡༢ ཚེས་༢ ཉིན་ནས་རྒྱ་ནག་ནང་འཚམས་གཟིགས་སུ་བསྐྱོད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། ཁོང་གིས་༢༠༡༩ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བལ་ཡུལ་དུ་འཚམས་གཟིགས་ལ་འབྱོར་སྐབས་མོས་མཐུན་བྱུང་བའི་ས་མཚམས་དོ་དམ་དང་བདེ་འཇགས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་འཆར་ཡོད་པ་ཁ་ཀྲི་མན་ཀྲུའུ་ཕོ་ཉ་གསར་ཤོག་གིས་ཕྱི་ཚེས་༢༣ ཉིན་གནས་ཚུལ་སྤེལ་འདུག
བལ་ཡུལ་གྱི་སྲིད་བློན་KP Sharma Oli ཕྱི་ཟླ་༡༢ ཚེས་༢ ཉིན་ནས་བཟུང་རྒྱ་ནག་ནང་འཚམས་གཟིགས་སུ་ཕེབས་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་དང་། ཁོང་གིས་༢༠༡༩ལོར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་བལ་ཡུལ་དུ་འཚམས་གཟིཊ་ལ་འབྱོར་སྐབས་མོས་མཐུན་བྱུང་བའི་ས་མཚམས་དོ་དམ་དང་། བདེ་འཇགས་མཉམ་ལས་དང་འབྲེལ་བའི་གྲོས་མཐུན་ལ་མིང་རྟགས་བཀོད་འཆར་ཡོད་པའི་སྐོར་་ཁ་ཀྲི་མན་ཀྲུའུ་ཕོ་ཉ་གསར་ཤོག་གིས་ཕྱི་ཚེས་༢༣ཉིན་གནས་ཚུལ་སྤེལ་འདུག
གནས་ཚུལ་དེའི་ནང་དཔོན་རིགས་ཤིག་གི་སྐད་ཆ་ལུངས་འདྲེན་བྱས་དོན་ལྟར་ན། རྒྱ་ནག་དང་བལ་ཡུལ་གཞུང་གི་ས་མཚམས་འཛིན་སྐྱོང་མ་ལག་གི་ལག་བསྟར་གྲོས་མཐུན་དེ་ཡང་ཐེངས་འདིའི་གྲོས་མཐུན་གྱི་ཆ་ཤས་ཤིག་ཡིན་པ་དང་། གྲོས་མཐུན་དེའི་འདྲ་བཤུས་དེ་གྲོས་ཚོགས་གོང་མར་ཕུལ་ཟིན་ཡོད་འདུག་ལ། དེ་བཞིན་བལ་ཡུལ་གྱི་སྲིད་བློན་གྱི་གྲོས་རིམ་ནང་རྒྱ་ནག་གི་སྤྱི་བདེ་ལྷན་ཁང་དང་བལ་ཡུལ་གྱི་ནང་སྲིད་ལྷན་ཁང་གཉིས་ཀྱི་བར་དུ་རིམ་པ་གསུམ་གྱི་ས་མཚམས་འབྲེལ་གཏུག་མ་ལག་འཛུགས་རྒྱུའི་ཐད་ཀྱི་ཡིག་ཆར་མིང་རྟགས་བཀོད་རྒྱུའི་འཆར་གཞི་ཡོད་སྐོར་བརྗོད་ཡོད་འདུག
རྒྱ་ནག་གཞུང་ཕྱོགས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་དམིགས་བསལ་བདེ་འཇགས་དཔོན་རིགས་ཚོས་བལ་ཡུལ་གྱི་དབུས་གཞུང་དང་མངའ་སྡེ། ས་གནས་རིམ་པ་ཁག་གི་ས་མཚམས་འབྲེལ་གཏུག་ལམ་ལུགས་ཁས་ལེན་བྱེད་པར་དུས་ཡུན་རིང་བོར་སྐུལ་འདེད་བཏང་ཡོད་སྐོར་གནས་ཚུལ་ནང་མུ་མཐུད་བཀོད་འདུག
གྲོས་འཆར་གཞན་ཞིག་ནི་བལ་ཡུལ་དང་རྒྱ་ནག་བར་ཁྲིམས་ལུགས་ལག་བསྟར་གྱི་མཉམ་ལས་སྐོར་གྱི་གྲོས་མཐུན་ལ་ཕྱོགས་གཉིས་ཀས་མིང་རྟགས་བཀོད་རྒྱུ་ཡིན་པ་དང་། བལ་ཡུལ་གྱི་ས་མཚམས་སུ་གནས་སྤོར་བྱེད་མི་དང་བདེ་འཇགས་ཀྱི་ཐད་རྒྱ་ནག་གིས་རྒྱབ་སྐྱོར་བྱེད་པའི་སྒྲིག་གཞི་བཀོད་ཡོད་འདུག གནས་ཚུལ་དེའི་ནང་དུ་བལ་ཡུལ་སྲིད་བློན་རྒྱ་ནག་ལ་འཚམས་གཟིགས་ཀྱི་འཆར་གཞི་རིམ་པ་མང་པོ་བཀོད་ཡོད་པའི་ནང་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིའི་འོག་གི་མཉམ་འབྲེལ་ལས་གཞི་ཚུད་པའི་མཐའ་མཚམས་རྨང་གཞིའི་སྒྲིག་བཀོད་དང་འབྲེལ་མཐུད་ལས་གཞི་གལ་ཆེན་ཁག་ཅིག་གཙོ་བོར་བཟུང་ཡོད་སྐོར་བཀོད་འདུག
གསར་འགོད་པ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།