རྔ་བ་རྫོང་ཐོག་ནས་བོད་མི་གཞོན་སྐྱེས་ཞིག་གིས་རང་ལུས་མེར་སྲེག་གནང་འདུག


2018.12.10
འབྲུག་ཁོ་ལགས་ཀྱི་ཉེ་པར། འབྲུག་ཁོ་ལགས་ཀྱི་ཉེ་པར།
བོད་འབྱོར།

མདོ་སྨད་རྔ་བ་རྫོང་ཐོག་ནས་བོད་མི་གཞོན་སྐྱེས་ཞིག་གིས་རང་ལུས་མེར་སྲེག་གནང་རྗེས་གནས་སྟངས་གསལ་ཆ་མེད་པར་གྱུར་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ། སྤྱི་ཟླ་༡༢་བའི་ཚེས་༨་ཉིན་མདོ་སྨད་རྔ་བ་ས་ཁུལ་ནས་བོད་མི་གཞོན་སྐྱེས་ཞིག་གིས་རང་ལུས་མེར་སྲེག་བཏང་ཡོད་པའི་གནས་ཚུལ་འབྱོར་བ་དང་། དེ་མ་ཐག་འདི་གའི་གསར་འགོད་པས་འབྲེལ་ཡོད་དང་ལྷག་དོན་ཀིརྟི་བྱེས་བ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་སུ་འདྲི་རྩད་བྱས་སྐབས། ཁོང་གིས་ཕལ་ཆེར་གནས་ཚུལ་བདེན་པ་ཡིན་པ་འདྲ་ཡང་གསལ་པོ་ཞིག་ད་རུང་ཤེས་དཀའ་བ་འདུག་བརྗོད་བྱུང་།
རིམ་བཞིན་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ལྟར་ན། ཁོང་ནི་མདོ་སྨད་རྔ་བ་རྫོང་སོ་རུ་མ་ནས་ཡིན་པ་དང་། མིང་ལ་འབྲུག་ཁོ་ཡིན་འདུག་ལ་། ས་གནས་སུ་དམ་དྲག་གི་དབང་གིས་ད་ལྟའི་ཆར་འཆི་གསོན་གྱི་གནས་སྟངས་གང་ཡིན་སོགས་ཤེས་རྟོགས་མེད་པར་ལུས་འདུག
དེ་བཞིན་ཡང་འདི་གའི་གསར་འགོད་པས་བོད་ནང་གི་བོད་མི་ཞིག་ལ་འདྲི་རྩད་བྱས་སྐབས། ཁོང་གིས། གནས་ཚུལ་དེ་བདེན་པ་རེད། ཕྱི་ཚེས་བརྒྱད་ཉིན་གྱིས་ཉིན་ཕྱེད་ཡོལ་ཙམ་ཞིག་ལ་རྔ་བ་རྫོང་ཐོག་དུ་དེ་འདྲའི་དོན་དག་བྱུང་ཡོད་པ་རེད། ད་ལྟ་དྲ་ལམ་ནས་ཆབ་སྲིད་དང་འབྲེལ་བའི་སྐོར་གྱི་ཁ་བརྡ་བྱེད་རྒྱུ་ཧ་ཅང་གི་སྟབས་བདེ་མ་རེད་ཅེས་སྐད་ཆ་བཤད་མཚམས་བཞག་བྱུང་།
རྒྱ་ནག་གི་དམ་དྲག་སྟངས་འཛིན་གྱི་སྲིད་ཇུས་འོག་སྤྱི་ལོ་༢༠༠༩་ལོ་ནས་ད་བར་བོད་ས་ཁྱོན་ཡོངས་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་མི་འདོད་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ནས་རང་ལུས་མེར་སྲེག་གནང་མཁན་སེར་སྐྱ་ཕོ་མོ་མི་གྲངས་༡༥༥་བྱུང་ཡོད་ལ་བོད་ཕྱི་ནས་མི་གྲངས་༡༠་བྱུང་ཡོད།

གསར་འགོད་པ་ཀུན་བཟང་བསྟན་འཛིན་དང་། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་གིས་རྒྱུན་གྲོན་མ་དངུལ་མཚམས་འཇོག་བྱས་རྐྱེན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་མང་ཆེ་བ་གནས་སྐབས་ཕོགས་མེད་ལས་མཚམས་འཇོག་དགོས་བྱུང་ཡོད།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎