སྲིད་སྐྱོང་མཆོག་གིས་ནེ་རྡར་ལན་ཌིའི་ནང་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་དང་མཇལ་མོལ་གནང་འདུག

2024.10.10
སྲིད་སྐྱོང་མཆོག་གིས་ནེ་རྡར་ལན་ཌིའི་ནང་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་དང་མཇལ་མོལ་གནང་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནེ་རྡར་ལན་ཌིའི་ནང་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་དང་མཇལ་མོལ་གནང་སྐབས། ༡༠།༠༩།༢༠༢༤
CTA

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་ཅིག་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་པ་ལྟར། ཕྱི་ཟླ་བཅུ་པའི་ཚེས་༩་ཉིན་སུད་སི་ནས་ནེ་རྡར་ལན་ཌིའི་(Netherlands)་ནང་ཕེབས་འབྱོར་སྐབས་བྷ་ར་ཛིལ་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་ཁུལ་དེའི་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་ཕེབས་བསུ་ཞུས་འདུག

462598253_945425004287662_3572682678526997849_n.jpg
ཚེས་༩ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་རྣམ་གཉིས་ནས་ནེ་རྡར་ལན་ཌིའི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་སྐུ་ཚབ་སྐུ་ཞབས་(Wim Geerts)་ལགས་དང་མཇལ་འཕྲད་ཀྱིས། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་བཀའ་མོལ་ཞིབ་ཕྲ་བྱུང་ཡོད་པ་དང་། སྐབས་དེར་སྐུ་ཞབས་(Wim Geerts)་ལགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཐུགས་ཚབས་ཆེན་པོ་གནང་བ་དང་། དུས་རྒྱུན་དུ་བོད་ནང་གི་དངོས་ཡོད་གནས་སྟངས་ལ་རྒྱབ་སྐྱོར་དང་དོ་སྣང་ཆེན་པོ་གནང་གི་ཡོད་ཅིང་། བོད་ཙམ་མ་ཡིན་པར་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་པའི་རྒྱལ་ཁབ་ཡོངས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ཅེས་གསུངས་གནང་ཡོད་པ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཔྲིན་ཁང་ལ་གསུངས་བྱུང་།

Sikyong Penpa Tsering of the Central Tibetan Administration had a productive visit to the Netherlands (1).jpg
སྐུ་ཞབས་(Wim Geerts)་ལགས་ནི། དེ་སྔ་བོད་ཁམས་སྡེ་དགེ་ཁུལ་དུ་རྒྱ་ནག་གཞུང་གིས་ཆུ་མཛོད་གསར་རྒྱག་དང་འབྲེལ་བོད་མི་རྣམས་ཀྱིས་ཞུ་འབོད་ལས་འགུལ་སྤེལ་བར་རྒྱ་ནག་ཉེན་རྟོག་པས་བོད་མི་ལས་འགུལ་བ་ཚོ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པའི་གནས་སྟངས་ལ་སེམས་ཚབས་ཀྱིས། བོད་མི་དེ་དག་གང་མགྱོགས་གློད་བཀྲོལ་དགོས་པའི་རེ་འདུན་བཏོན་གནང་མཁན་ཞིག་ཡིན་པ་རེད།
དེ་བཞིན་སྲིད་སྐྱོང་མཆོག་གིས་ཉིན་དེར་ནེ་རྡར་ལན་ཌིའི་ནང་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བ་དང་། གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚན་པའི་ཉན་ཞིབ་ལ་མཉམ་ཞུགས་གནང་བ། གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བའི་འབྲེལ་ཡོད་མི་སྣ་སོགས་མཇལ་འཕྲད་གནང་བ། ཁུལ་དེའི་བློ་འདོན་ལྟེ་གནས་ཁང་ཞིག་གི་འགན་འཛིན་དང་ཞིབ་འཇུག་མི་སྣ་མཉམ་དུ་མཇལ་འཕྲད་གནང་ནས་བོད་དོན་སྐོར་ལ་གོ་བསྡུར་གནང་བ་བཅས་བྱུང་ཡོད་པ་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ངོ་སྤྲོད་གནང་བྱུང་།

Sikyong Penpa Tsering of the Central Tibetan Administration had a productive visit to the Netherlands (2).jpg
གཞན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་ཁུལ་གྱི་ལས་ཁུངས་འགན་འཛིན་བཀྲས་མཐོང་དབང་པོ་ལགས་ཀྱིས། སྲིད་སྐྱོང་མཆོག་ནེ་རྡར་ལན་ཌིའི་ནང་གི་གནད་ཡོད་མི་སྣ་དག་དང་མཇལ་འཕྲད་སྣ་ཚོགས་བྱུང་ཡོད་པ་དང་། གལ་ཆེ་ཤོས་ཞིག་ནི་ནེ་རྡར་ལན་ཌིའི་གྲོས་ཚོགས་སུ་ཕེབས་སྐབས་ཕྱི་འབྲེལ་ཚོགས་ཆུང་གི་གཞུང་འབྲེལ་ཚོགས་འདུ་ལ་གདན་ཞུ་གནང་བ་ལྟར་ཕེབས་ནས་བོད་དོན་ཐད་བཀའ་མོལ་ནན་པོ་ཁ་གསལ་བོ་གནང་ཐུབ་བྱུང་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཚེས་༨ཉིན་སྲིད་སྐྱིད་མཆོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དངོས་བྱུང་མཛད་རྣམ་གྱི་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ་(Wisdom of Happiness)་ཞེས་པ་སུད་སིའི་(Zurich)་ཛུ་རིག་གློག་བརྙན་དུས་སྟོན་ཐོག་གཟིགས་འབུལ་གནང་ཡོད་པ་དེར་མཉམ་བཞུགས་གནང་ཡོད་པ་རེད།


གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཧི་མ་ལ་ཡའི་ཁུལ་དུ་གནས་སྡོད་ཡུལ་མི་ཚོས་ནང་པ་སངས་རྒྱས་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་བོད་ཡིག་ལ་སློབ་གཉེར་གནང་གལ་ཆེ་བ་ཡིན་ཞེས། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁ་སུ་ལ་ཐོབ་ཀྱང་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེན་ཡོད་པ་དེར་འགྱུར་བ་འགྲོ་རྒྱུ་མིན་པ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎