སྲིད་སྐྱོང་བློ་བཟང་སེངྒེ་ལགས་དང་ལྷོ་ཊི་རོལ་གྱི་སྲིད་འཛིན་གཉིས་མཇལ་འཕྲད།

2019-07-11
གློག་འཕྲིན།
མཆན།
Share
པར་བཀོད།
སྲིད་སྐྱོང་བློ་བཟང་སེངྒེ་ལགས་དང་ལྷོ་ཊི་རོལ་གྱི་སྲིད་འཛིན་(Dr. Arno Kompatscher)གཉིས་མཇལ་འཕྲད། 2019/7/11
སྲིད་སྐྱོང་བློ་བཟང་སེངྒེ་ལགས་དང་ལྷོ་ཊི་རོལ་གྱི་སྲིད་འཛིན་(Dr. Arno Kompatscher)གཉིས་མཇལ་འཕྲད། 2019/7/11
tibet.net

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཨི་ཊ་ལིའི་རང་སྐྱོང་ས་ཁུལ་ལྷོ་ཊི་རོལ་གྱི་སྲིད་འཛིན་ཌོཀ་ཊར་ཨར་ནོ་ཀོམ་པཊ་ཆེར་མཆོག་དང་མཇལ་འཕྲད་གནང་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཨི་ཊ་ལིའི་རང་སྐྱོང་ས་ཁུལ་གྱི་ལྷོ་ཊི་རོལ་གྱི་སྲིད་འཛིན་(Dr. Arno Kompatscher)་ཌོཀ་ཊར་ཨར་ནོ་ཀོམ་པཊ་ཆེར་རྣམ་གཉིས་ཕྱི་ཟླ་ ༧ ཚེས་ ༡༡ ་ཉིན་ལྷོ་ཊི་རོལ་གྱི་རྒྱལ་ས་སྦོ་ལན་ཛོ་(Bolanzo)འི་སྲིད་འཛིན་ལས་ཁུངས་ནང་མཇལ་འཕྲད་གནང་འདུག དེང་སྐབས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨི་ཊ་ལིའི་ས་ཁུལ་ཁག་གཅིག་ཏུ་ཆེད་ཕེབས་གནང་བཞིན་ཡོད་ཅིང་། ཉེ་ཆར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་དུས་ཆེན་ཨི་ཊ་ལིའི་སན་ཏ་ལུ་ཅི་ཡའི་གྲོང་ཁྱེར་པོ་མ་ཡའི་ནང་ས་གནས་དེའི་གྲོང་ཁྱེར་སྤྱི་ཁྱབ་དབུ་ཞུགས་ལྷན་དུ་སྲུང་བརྩི་ཞུས་ཡོད་པ་རེད།
ལྷོ་ཊི་རོ་ནི་ཡོ་རོབ་ནང་གི་ཚད་ལྡན་རང་སྐྱོང་ལྗོངས་ཀྱི་ཐོབ་ཐང་ཡོད་པའི་ས་ཁུལ་ཞིག་ཡིན་པ་དང་། ལྷོ་ཊི་རོའི་སྲིད་གཞུང་རིམ་པས་ཡུན་རིང་བོད་དོན་ཐོག་གདུང་སེམས་མཉམ་སྐྱེས་དང་རྒྱབ་སྐྱོར་གནང་ཡོད་པ་རེད། ས་ཁུལ་དེའི་ནང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་མཐོ་རིམ་སློབ་གྲྭ་ཁག་གཅིག་དང་ཞིབ་འཇུག་ལྟེ་གནས་ཁག་གཅིག་གི་ནང་གཏམ་བཤད་དང་དྲི་བ་དྲིས་ལན་གནང་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།