སྲིད་སྐྱོང་བློ་བཟང་སེང་གེ་མཆོག་འོས་བསྡུའི་དྲིལ་བསྒྲཊ་ཆེད་ཕེབས་རྒྱུ།

2016-02-29
གློག་འཕྲིན།
མཆན།
Share
པར་བཀོད།
སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་མཆོག་ལ་འདི་ག་རླུང་འཕྲིན་ཁང་གིས་བཅར་འདྲིའི་སྐབས། ༢༠༡༦།༢།༡༠
སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་མཆོག་ལ་འདི་ག་རླུང་འཕྲིན་ཁང་གིས་བཅར་འདྲིའི་སྐབས། ༢༠༡༦།༢།༡༠
ཀླུ་འབུམ/RFA

དེ་ཡང་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་མཆོག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་༢༠༡༦་ལོའི་སྲིད་སྐྱོང་གི་འོས་བསྡུའི་འོས་མིར་བསྐྱར་དུ་ཕེབས་པའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་རྒྱ་གར་ལྷོ་ཕྱོགས་བོད་མིའི་སྡོད་སྒར་ཁག་ཏུ་ཕྱི་ཚེས་གཅིག་གི་འོས་བསྡུའི་དྲིལ་བསྒྲགས་སྐོར་བསྐྱོད་དུ་ཕེབས་རྒྱུ་ཡིན་པ་རེད་འདུག

སྲིད་སྐྱོང་མཆོག་འོས་བསྡུའི་དྲིལ་བསྒྲགས་རང་གི་ཆེད་དུ་ཕྱི་ཟླ་གསུམ་པའི་ཚེས་༡་ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་གཙོ་བོ་སྦེང་ལོར་ས་གནས་སུ་ཡོད་པའི་བོད་མི་རྣམས་ལ་འོས་བསྡུ་དང་འབྲེལ་བའི་གཏམ་བཤད་ངོ་སྤྲོད་ཀྱི་གསུངས་བཤད་དང་དྲི་བ་དྲི་ལན་གནང་རྒྱུ་དང་། དེ་ནས་ཕྱི་ཟླ་གསུམ་པའི་ཚེས་༢་ཉིན་མོན་སྒོ་ཌ་དུ་ཕེབས་ནས་ས་གནས་སུ་ཡོད་པའི་གཞིས་ཆགས་ཀྱི་མི་མང་དང་། གདན་ས་ཆེན་པོ་འབྲས་སྤུངས་དང་དགའ་ལྡན། འབྲས་སྤུངས་བླ་སྤྱིའི་དགེ་འདུན་པ་རྣམས་ལ་གཏམ་བཤད་གནང་རྒྱུའི་མཛད་རིམ་ཐུགས་གཏན་འཁེལ་འདུག
དེ་ནས་ཕྱི་ཟླ་གསུམ་པའི་ཚེས་༣་ཉིན་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་ཀོ་ལེ་སྒལ་དུ་ཕེབས་ནས་ས་གནས་ཀྱི་བོད་མིའི་རྣམས་ལ་འདས་པའི་ལོ་བཞི་དང་ཕྱེད་ཀའི་ལས་དོན་ངོ་སྤྲོད་སོགས་འོས་བསྡུ་དང་འབྲེལ་བའི་ངོ་སྤྲོད་དང་གསལ་བཤད་གནང་རྒྱུ་ཡིན་ཅིང་། དེ་ནས་ཕྱི་ཟླ་གསུམ་པའི་ཚེས་་༤་ཉིན། ཧོན་སུར་བོད་མིའི་གཞིས་ཆགས་སུ་ཕེབས་ནས་ས་གནས་སུ་ཡོད་པའི་སྐྱ་སེར་མི་མང་རྣམས་ལ་ལས་དོན་ངོ་སྤྲོད་དང་གསལ་བཤད་གནང་རྒྱུ་ཡིན་པ་དང་། དེ་ནས་ཧོན་སུན་གྱི་ཉེ་འཁོར་དུ་ཡོད་པའི་རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ལུགས་བཟུང་བསམ་འགྲུབ་གླིང་དང་། བདེ་སྐྱིདསླར་གསོའི་མི་མང་རྣམས་ལ་གཏམ་བཤད་ངོ་སྤྲོད་དང་གསལ་བཤད་དང་། དེ་ནས་སེ་ར་ཆོས་སྒར་དང་། རྣམ་གྲོལ་གླིང་གི་གདན་སའི་ནང་དུ་ཡོད་པའི་དགེ་འདུན་པ་རྣམས་ལ་གཏམ་བཤད་དང་གསལ་བཤད་གནང་རྒྱུ་ཡིན་པ་རེད་འདུག
ཕྱི་ལོ་༢༠༡༦སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཀྱང་གོང་དུ་ཞུས་པའི་ས་གནས་ཁག་ཏུ་འོས་བསྡུའི་དྲིལ་བསྒྲགས་ཀྱི་གཏམ་བཤད་དང་གསལ་བཤད་དང་དྲི་བ་དྲི་ལན་གནང་ཟིན་པ་རེད།  
ཕྱི་ཟླ་གསུམ་པའི་ཚེས་༢༠ཕྱི་ལོ་༢༠༡༦་ཀྱི་སྲིད་སྐྱོང་དང་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུ་གནང་གི་ཡོད་པ་རེད༎

གསར་འགོད་པ་ཀརྨ་རྡོ་རྗེ།

མཆན། (0)
Share
དྲ་གནས་ཆ་ཚང༌།