ལོ་མང་རྗེས་བོད་ནང་གི་མཚེའུ་རྣམས་རིམ་བཞིན་རྒྱ་ཆེ་རུ་འགྲོ་བཞིན་པ་ཚན་རིག་པས་ཉེན་བརྡ་བཏང་འདུག

2024.09.12
ལོ་མང་རྗེས་བོད་ནང་གི་མཚེའུ་རྣམས་རིམ་བཞིན་རྒྱ་ཆེ་རུ་འགྲོ་བཞིན་པ་ཚན་རིག་པས་ཉེན་བརྡ་བཏང་འདུག བོད་ནང་གི་སི་ལིང་མཚེའུ། ཟླ་ཚེས་མི་གསལ
Photo: Chinese State Media

ལོ་ངོ་སྟོང་ཕྲག་ཁ་ཤས་རིང་བོད་ནང་གི་མཚེའུ་དག་ད་ལྟ་འབྲེལ་ནས་སྤྱི་ལོ་༢༠༣༠ལོར་མཚེའུ་མཉམ་བསྲེས་བྱེད་སྲིད་པ་དང་དེས་གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་དེ་བས་ཛ་དྲག་ཏུ་འགྲོ་རྒྱུ་ཡིན་པ་ཚན་རིག་པས་ཉེན་བརྡ་བཏང་ཡོད་པའི་སྐོར་ལྷོ་རྒྱ་ནག་གི་ཞོགས་པའི་ཕོ་ཉ་ཞེས་པའི་གསར་ལམ་གྱིས་གནས་ཚུལ་སྤེལ་འདུག
གནས་ཚུལ་ནང་བོད་ཀྱི་མཚེའུ་ཆེ་ཤོས་སི་ལིང་མཚེའུ་དེ་བཞིན་གནམ་གཤིས་འགྱུར་ལྡོག་གིས་ལོ་བཅུ་ཕྲག་མང་པོའི་རིང་ལ་ཆུའི་ཚད་འཕར་བའི་རྗེས་སུ། ལོ་ངོ་༤༠༠༠ལྷག་གི་རིང་ལ་ཐོག་མར་ཉེ་འགྲམ་གྱི་ཚྭ་མཚོ་གཞན་ཞིག་དང་མཉམ་བསྲེས་བྱུང་བཞིན་ཡོད་འདུག ཨེ་ཤེ་ཡའི་ཆུ་མཛོད་ཅེས་འབོད་པའི་མདོ་དབུས་མཐོ་སྒང་དུ་མཚེའུ་༡༠༠༠ལྷག་ཙམ་ཡོད་པ་དང་། ཨེ་ཤེ་ཡའི་ཁུལ་གྱི་གལ་ཆེའི་གཙང་པོ་བཅུ་ཡི་ཆུ་མགོ་ཡིན་ཞིང་། དེས་ཆུ་བོ་དེ་དག་བརྒྱུད་སའི་རྒྱལ་ཁབ་ཁག་གི་མི་མང་ས་ཡ་ཉི་ཤུ་ལྷག་ཙམ་གྱི་ཆུའི་འབྱུང་ཁུངས་ཆགས་ཡོད་པ་རེད་།
བོད་ཀྱི་མཚོ་དང་མཚེའུ་ཐོག་ཞིབ་འཇུག་བྱེད་མཁན་གྱི་ཚན་རིག་པས་བརྗོད་པ་ལྟར་ན། བོད་ཀྱི་མཚེའུ་དེ་དག་མུ་མཐུད་ནས་མཉམ་དུ་འབྲེལ་རྒྱུ་ཡིན་པ་དེས། དེའི་རྒྱུད་དུ་གནས་སྡོད་བྱེད་མཁན་གྱི་མང་ཚོགས་ཚོར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་རྒྱུ་ཡིན་པ་ཚོད་དཔག་བྱེད་ཀྱི་ཡོད་པ་དང་འབྲེལ། སྲིད་གཞུང་གིས་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་བོད་མཐོ་སྒང་གི་མཚོ་དང་མཚེའུ་རྒྱ་ཆེ་རུ་འགྲོ་བཞིན་པའི་ཉེན་ཁ་འབྱུང་སྲིད་པར་ངོས་འཛིན་བྱེད་དགོས་པའི་འབོད་སྐུལ་ཡང་གནང་ཡོད་འདུག རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གི་ཞིབ་འཇུག་ཚོགས་ཆུང་ཞིག་གིས་ད་ལོ་ཕྱི་ཟླ་བདུན་པའི་ནང་ཚན་རིག་དུས་དེབ་ཐོག་མཚོ་དང་མཚེའུ་ཡི་འགྱུར་ལྡོག་ཞེས་པའི་ཞིབ་འཇུག་སྙན་ཐོ་འདོན་སྤེལ་བྱས་པའི་ནང་། འདས་པའི་ལོ་ངོ་ཉི་ཤུ་ལྷག་ཙམ་རིང་སི་ལིང་མཚེའུ་ཡི་རྒྱ་ཁྱོན་ཇེ་ཆེར་ཕྱིན་ཡོད་པ་དང་། ཆིག་སྟོང་དགུ་བརྒྱ་བདུན་བཅུའི་ནང་སི་ལིང་མཚིའུ་ཡི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་(km2)་༡༦༤༠ཙམ་ཡིན་པ་དང་། ཕྱི་ལོ་༢༠༢༣ལོར་མཚེའུ་དེའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་(km2)་༢༤༤༥ཙམ་ལ་སླེབས་ཡོད་པ་རེད། ཟི་ལིང་མཚེའུ་དང་ཉེ་འགྲམ་གྱི་བང་གེ་མཚེའུ་གཉིས་ཁག་ཁག་ཡིན་པ་དང་། འདས་པའི་ལོ་ངོ་བཞི་སྟོང་ཙམ་རིང་ཕན་ཚུན་འདྲེས་མེད་ཅིང་། ན་ནིང་ཕྱི་ཟླ་དགུ་པའི་ནང་སི་ལིང་མཚེའུ་ཡི་ཆུ་ཚད་ལས་འགལ་ནས་མཚེའུ་གཉིས་དབར་གྱི་གཙང་པོའི་འབྲེལ་ཐག་མེད་པར་གྱུར་ཡོད་པ་ཉམས་ཞིབ་གྱིས་ཞིབ་འཇུག་སྙན་ཐོའི་སྐོར་གྱི་གསལ་བསྒྲགས་སྤེལ་བའི་ནང་བཀོད་ཡོད་པ་དང་། དེ་ཡང་ཆུ་ལོག་གི་རྐྱེན་གྱིས་བང་གེ་མཚེའུ་ཡི་ཆུའི་ཚད་ཡང་ཇེ་མཐོར་ཕྱིན་ཡོད་པ་དང་། དེ་ལྟར་བྱུང་དགོས་དོན་གཙོ་བོ་ནི་མདོ་དབུས་མཐོ་སྒང་གི་གནམ་གཤིས་ལ་འགྱུར་ལྡོག་གི་རྐྱེན་པས་ཡིན་པ་གསུངས་འདུག
ཞིབ་འཇུག་པ་གླིའི་(雷)་ཡིས་ཕྱི་ལོ་༡༩༧༠ནས་ཕྱི་ལོ་༢༠༡༤ལོའི་བར་མཚོ་བོད་མཐོ་སྒང་གི་ཚ་དྲོད་ལོ་བཅུ་རེའི་ནང་(Fahrenheit)་༣༢ཚག་༦༣ཙམ་འཕར་ཡོད་པ་དང་། དེ་ཡང་གོ་ལ་ཁྱོན་ཡོངས་ཀྱི་ཆ་སྙོམས་ལས་ལྡབ་གཉིས་ཙམ་གྱི་འཕར་ཚད་མཐོ་བ་ཡོད་པ་ཞིབ་འཇུག་སྙན་ཐོའི་ནང་བཀོད་ཡོད་འདུག


གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མི་རྣམས་ནས་རྒྱ་ནག་གི་གནོན་ཤུགས་འོག་བོད་སྤྱི་ལ་གནོད་འཚེར་གྱུར་བའི་ལག་ཆ་ཞིག་ཏུ་མི་འགྱུར་བའི་འབད་བརྩོན་གནང་གལ་ཆེ་བ་ཡིན་ཞེས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གི་མཇལ་ཁ་ཐོབ་པ་ནི་རྨི་ལམ་མངོན་སུམ་དུ་གྲུབ་པ་ལྟ་བུ་ཞིག་བྱུང་ཞེས། ཤིམ་ལའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཆེན་མོ་སྐུ་ཞབས་ Rajiv Shakdher ལགས་ཀྱིས་གསུངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎