ཨ་མེ་རི་ཀའི་གྲོས་ཚོགས་འོག་མའི་འཐུས་JimMcGovernམཆོག་གིས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དབུ་བརྙེས་ནས་ལོ་༣༠་འཁོར་བའི་དུས་དྲན་ཉིན་འཚམས་འདྲི་ཞུས་གནང་འདུག
རྒྱུན་རིང་ནས་བོད་དོན་རྒྱབ་སྐྱོར་ཆེན་པོ་གནང་མཁན་ཨ་མེ་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་གྲགས་ཅན་JimMcGovernམཆོག་གིས་Xསྤྱི་ཚོགས་དྲ་རྒྱ་བརྒྱུད་ནས་བརྙན་ལམ་གྱི་འཚམས་འདྲི་དེའི་ནང་ཐོག་མར་གྲོས་ཚོགས་འཐུས་མི་ཁོང་ངོ་སྤྲོད་གནང་བ་དང་།ཁོང་གིས་བོད་རང་བཙན་སློབ་ཕྲུག་ཚོགས་པས་འདས་པའི་ལོ་ངོ་༣༠རིང་བོད་དོན་ཞུ་གཏུག་སོགས་གནང་སྟབས་བོད་དོན་ཐོག་ཡིད་ཆེས་བྱེད་དཀའ་བའི་ཁྱད་པར་ཧ་ལས་པའི་ཆེན་པོ་བཟོས་ཡོད་།ལྷག་པར་དུ་ཨ་རིས་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་གཏན་འབེབས་གནང་བ་ཐེ་བའི་ཁྱེད་རྣམས་ལ་རྒྱལ་ཁ་མང་པོ་ཐོབ་པར་འཚམས་འདྲི་ཞུ་ཡི་ཡོད་ལ་ཁྱེད་རྣམས་ཀྱིས་གནད་དོན་འདིའི་ཐོག་ཞུ་གཏུགས་ཀྱི་ལས་འགུལ་སོགས་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ཅེས་དང་།གཞན་ཡང་ཁོང་དང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་མཆོག་གི་ལྷན་དུ་ཨ་རིའི་སྲིད་དོན་ཚོགས་པ་གཉིས་དབྱེར་མེད་ཀྱི་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མི་ལས་གྲུབ་པའི་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་ཞུས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཚུར་དང་་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་སྐབས་ཁོང་རྣམས་ཀྱིས་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་ནས་ཞུ་རྒྱུའི་ཁས་ལེན་ཞུས་པ་བཞིན་བོད་དོན་ཐོག་ཕྱག་ལས་གནང་ཟིན་པ་ཁག་ལས་ལྷག་པ་གནང་རྒྱུ་མང་བ་ལྷག་ཡོད་ན་ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་དོན་ཐོག་་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ལ་ཕྱག་རོགས་དང་ཕན་གྲོགས་ཧུར་བཙོན་ཆེན་པོ་གནང་བ་སོགས་ལ་བརྟེན་ནས་ང་ཚོ་ལམ་ལྷོང་ཡོང་ངེས་རེད་།དེ་འདྲ་སོང་ཙང་ཁྱེད་རྣམས་ཀྱིས་ཁ་ཞེ་གཉིས་མེད་སྒོ་ནས་དེར་ཡིད་ཆེས་གནང་དགོས་པ་དང་།གང་ཐད་ནས་ཡག་པོ་ཡོང་བའི་སྨོན་འདུན་ཞུ་ཡི་ཡོད་ཅེས་འཚམས་འདྲི་གནང་འདུག།་གནས་ཚུལ་ལྟར་ན་་བོད་རང་བཙན་སློབ་ཕྲུག་ཚོགས་དེ་ནི་ཕྱི་ལོ་༡༩༩༤་ལོར་བོད་པའི་གཞོན་སྐྱེས་དང་སློབ་ཕྲུག་།བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གཞོན་སྐྱེས་འགའ་ཤས་ཀྱིས་གསར་འཛུགས་གནང་བ་དང་།ཚོགས་པ་དེ་རིམ་བཞིན་རྒྱལ་སྤྱིའི་ཚོགས་པར་འགྱུར་ནས་ད་ཆ་ཚོགས་པ་དེའི་ཡན་ལག་རྒྱལ་ཁབ་༣༥་ལྷག་ནང་ཡོད་པ་མ་ཟད་སློབ་གྲ་དང་གཙུག་ལག་སློབ་གྲ་ཆེན་མོ་༦༥༠ལྷག་ནང་ལ་ཡང་ཡན་ལག་ཡོད་པ་བཤད་འདུག་།བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་ཁུངས་ཨ་མ་དེ་ནི་ཨ་མེ་རི་ཀའི་དཔལ་འབྱོར་གྱི་གྲོང་ཁྱེར་ཆེན་པོ་ནུའུ་ཡོག་ལ་ཡོད་པ་རེད།གཟའ་སྤེན་པའི་དགོང་མོ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནུའུ་ཡོབ་ནང་ལོང་ཤོག་མཚན་ཚོགས་དཔལ་འབྱོར་འདུ་འགོད་ཐོག་བོད་རིགས་གཞོན་སྐྱེས་མང་པོ་མཉམ་ཞུགས་ཀྱིས་བོད་ཀྱི་གཞས་པ་གཞས་མ་དང་དགོད་བྲོའི་གཏམ་བཤད་མཁན་དང་གཞན་ཡང་སྒོར་གཞས་འཁྲབ་སྟོན་སོགས་གནང་རྒྱུ་ཡིན་སྟབས།སྒོར་འཛིན་ཉོས་ནས་མི་མང་གང་མང་ཕེབས་གནང་ཡོང་བ་གསལ་བསྒྲགས་བསྐྱངས་འདུག།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།