ཐེ་ཝན་གྱིས་རྒྱ་ནག་གཞུང་གི་བྱ་སྤྱོད་ཐད་ཉེན་བརྡ་བཏང་འདུག


2017.05.09
ཐེ་ཝན་གྱི་སྲིད་འཛིན་གསར་བ་ལྕམ་ཚའེ་ཡེ་ཝུན་Tsai Ing-wenགྱིས་དམ་འབུལ་མཛད་སྒོ། ༢༠༡༦།༥།༢༠ ཐེ་ཝན་གྱི་སྲིད་འཛིན་གསར་བ་ལྕམ་ཚའེ་ཡེ་ཝུན་Tsai Ing-wenགྱིས་དམ་འབུལ་མཛད་སྒོ། ༢༠༡༦།༥།༢༠
Xiaxiao Hua

ཐེ་ཝན་རྒྱ་ནག་དང་འབྲེལ་ལམ་སྡུག་དུ་ཕྱིན་པའི་རྐྱེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ལྷན་ཚོགས་ཞིག་གི་ཐོག་ཐེ་ཝན་མགྲོན་འབོད་བྱས་མེད་ན་ཡང་། ཐེ་ཝན་གྱི་ངོས་ནས་སྐུ་ཚབ་ཚོགས་ཆུང་ཞིག་ཆེད་གཏོང་བྱ་རྒྱུ་ཡིན་པ་བརྗོད་པ་དང་ཆབས་གཅིག་རྒྱ་ནག་གི་ངོས་ནས་ཐེ་ཝན་ཕྱིར་འབུད་གཏོང་ཐབས་ཀྱི་ལས་དོན་དེས་ཕྱོགས་གཉིས་བར་གྱི་འབྲེལ་བར་བསྐྱར་ལྡོག་མི་ཐུབ་པའི་དོ་ཕོག་གཏོང་སྲིད་པའི་ཉེན་བརྡ་བཏང་འདུག
དེ་ཡང་Reuters གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རེས་གཟའ་མིག་དམར་ཉིན་ཐེ་ཝན་ཕྱི་སྲིད་ལྷན་ཁང་གིས་རྒྱུན་ལྡན་མ་ཡིན་པའི་གདེང་ཚོད་ལྡན་པའི་ཐོག་ནས། ཡུལ་དེའི་འཕྲོད་བསྟེན་དང་བདེ་དོན་ལྷན་ཁང་གི་བློན་ཆེན་Chen Shih-Chung གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག སུད་སིའི་གྲོང་ཁྱེར་ཇེ་ནི་ཝའི་ནང་ཚུགས་གཏན་འཁེལ་བའི་འཕྲོད་བསྟེན་དང་འབྲེལ་བའི་ཚོགས་འདུའི་ནང་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་ཚོགས་མི་དང་མཉམ་དུ། རྒྱལ་སྤྱིའི་འཕྲོད་བསྟེན་དང་བདེ་འཇགས་སྐོར་ལ་བསམ་ཚུལ་བརྗེ་ལེན་ཆེད་དུ་མཉམ་ཞུགས་བྱ་རྒྱུ་རེད་ཅེས་བརྗོད་འདུག
དེ་བཞིན་ཐེ་ཝན་གྱི་ཆེ་མཐོའི་རྒྱ་ནག་སྲིད་བྱུས་ལས་ཁུངས་སམ་ཐེ་ཝན་རྒྱ་ནག་ལས་དོན་ལྷན་ཁུངས་ཀྱིས་རྒྱ་ནག་གི་ངོས་ནས་མཁྲེགས་བཟུང་དང་ཁ་གཏད་ཀྱི་བྱ་སྤྱོད་དེས་གྲུབ་འབྲས་ངན་པ་ཐོན་རྒྱུ་རེད་ཅེས་དང་། ཐེ་ཝན་མི་དམངས་ཀྱི་བསམ་བློར་ལས་སླ་པོའི་ཐོག་ནས་མཐོང་ཆུང་ཁྱད་གསོད་བྱེད་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག
རྒྱ་ནག་གིས་རེས་གཟའ་ཟླ་བའི་ཉིན། ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའམ་གཞུང་འཛིན་ཚོགས་པས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ཁས་ལེན་མ་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་Geneva ཚོགས་འདུ་དེའི་ནང་མཉམ་ཞུགས་མི་ཐུབ་པའི་འགན་ཆ་ཚང་ལེན་དགོས་ཞེས་བརྗོད་འདུག དེ་ཡང་རྒྱ་ནག་གི་ཐེ་ཝན་ལས་དོན་ལས་ཁུངས་ཀྱི་མགྲིན་ཚབ་པ་An Fengshan གིས་ཐེ་ཝན་མཉམ་ཞུགས་མི་ཐུབ་པའི་འགག་རྩ་ཡང་དེ་ལ་ཐུག་ཡོད་ཅེས་བརྗོད་འདུག
ལྕམ་ཚཡི་དབྱིང་ཝན་ཐེ་ཝན་གྱི་སྲིད་འཛིན་མ་གནང་གོང་། རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་ལམ་ཕྲན་བུ་བཟང་པོ་ཡོད་པའི་སྐབས། ཕྱི་ལོ་ ༢༠༠༩ལོ་ནས་བཟུང་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་ནང་ཟུར་ཉན་གྱི་ངོ་བོའི་ཐོག་ནས་ཚོགས་ཞུགས་བྱས་ཡོད་པ་རེད།
འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་ཚོགས་ཆེན་འདི་བཞིན་སུད་སིའི་གྲོང་ཁྱེར་ཇེ་ནི་ཝའི་ནང་ཕྱི་ཟླ་ ༥ ཚེས་ ༢༢ ནས་ ༣༡ བར་ཚུགས་གཏན་འཁེལ་ཡོད་པ་དང་། རྒྱ་ནག་གཞུང་གིས་ཐེ་ཝན་ཚོགས་འདུ་འདིའི་ནང་མཉམ་ཞུགས་བྱ་རྒྱུར་ཐེ་ཝན་གྱི་ངོས་ནས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་བྱེད་དགོས་པའི་ཆ་རྐྱེན་བཏོན་ཡོད་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎