༸གོང་ས་མཆོག་ཧང་ག་རི་ཡུལ་དུ་ཆིབས་བསྒྱུར།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཧང་ག་རི་ཡུལ་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་རེད།

2010-09-17
Share

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཧང་་རི་ནང་པའི་ལྷན་ཚོགས་དང་ཧང་་རི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐུན་མོང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བཀའ་བཞེས་ཐོབ་ནས་ དེ་རིང་ཕྱི་ཟླ་དགུ་པའི་ཚེས་༡༧གཟའ་པ་སངས་ཉིན་ཧང་་རི་ཡུལ་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་དང་ ཆིབས་བསྒྱུར་དེ་བཞིན་༧གོང་ས་མཆོག་ཡུལ་དེའི་ནང་ཆིབས་སྒྱུར་བསྐྱངས་ཐེངས་བདུན་པ་དེ་ཡིན་པ་རེད་

དེ་ཡང་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན་ ༧གོང་ས་མཆོག་གིས་ཡུལ་དེའི་ནང་གསུང་ཆོས་གནང་རྒྱུའི་ལག་འཛིན་གྲངས་༢༢༤༠༠ཙམ་བྲིན་ཟིན་ཡོད་པ་མ་ཟད་ ལག་འཛིན་ཚོང་མཁན་གྱི་ལས་ཁུངས་སུ་ལག་འཛིན་ཚོང་རོགས་ཟེར་མཁན་ད་དུང་མང་པོ་ཡོད་པར་བརྟེན་ནས་ གསུང་ཆོས་ཀྱི་ལག་འཛིན་འཕར་མ་གྲངས་༤༠༠༠ཙམ་དཔར་སྐྲུན་བྱས་པ་དེ་ཡང་ད་ཆ་བྲིན་ཟིན་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད་

ཕྱི་ཚེས་༡༨ཉིན་༧གོང་ས༧སྐྱབས་མགོན་ཆེན་པོ་མཆོག་གིས་ཧང་་རིའི་གྲོང་ཁྱེར་སྦུ་པེ་སིར་བོད་ཀྱི་ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་བཀའ་སློབ་སྩལ་རྒྱུ་དང་ ཉིན་དེའི་ཕྱི་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྦུ་ཌཔེ་སིའི་གྲོང་ཁྱེར་གྱི་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་ཞིག་གྲོང་ཁྱེར་ཚོགས་ཁང་དུ་འབུལ་ལམ་ཞུ་རྒྱུ་ཡིན་འདུག དེ་ནས་ཕྱི་ཚེས་༡༩ཉིན་སྔ་དྲོ་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་གནང་མཛད་རྒྱུ་དང་ཉིན་རྒྱབ་བྱམས་བརྩེ་ནི་བདེ་སྐྱིད་བསྐྲུན་ཐབས་ཤིག་ཡིན་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཧང་་རི་ཡུལ་གྲུའི་ནང་བཞུགས་བཞག་གཉིས་ཀྱི་གསུང་ཆོས་སྐབས་རྒྱལ་ཁབ་འདྲ་མིན་༣༢ཙམ་ནས་མི་མང་ཆེད་ཕེབས་གནང་གི་ཡོད་པ་མ་ཟད་ གསུང་ཆོས་ཞུ་བར་མི་ཕོན་ཆེ་བ་ནི་ཨུ་རུ་སུ་དང་ རོ་མ་ནི་ཡ་ ཀྲན་སེལ་ལྦིནི་ཡ་ཁུལ་ནས་ཕེབས་ཀྱི་ཡོད་འདུག ༧གོང་ས་མཆོག་ཧང་་རི་ཡུལ་ནང་གདན་ཞུ་གནང་མཁན་གྱི་གོ་སྒྲིག་ཚོགས་ཆུང་གིས་གསུང་གསལ་ལྟར་ན་  གསུང་ཆོས་ཀྱི་ལག་འཛིན་གཟིགས་མཁན་ཁོངས་སུ་བརྒྱ་ཆ་༡༠ཙམ་ནང་པ་ཡིན་པ་དང་བརྒྱ་ཆ་༩༠ཆོས་ལུགས་འདྲ་མིན་ཡིན་ལུགས་བརྗོད་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཀྱི་ལག་འཛིན་མ་ཐོབ་པ་རྣམས་ཀྱི་ཆེད་དྲ་རྒྱའི་ཐོག་གསུང་ཆོས་ཐད་ཀར་གསན་གཟིགས་གནང་རྒྱུའི་མཐུན་རྐྱེན་སྐྲུན་ཡོད་པ་མ་ཟད་ གསུང་ཆོས་སྐད་རིགས་ཁག་དྲུག་ཙམ་ནང་བསྒྱུར་ཏེ་རྒྱང་སྲིང་ཞུ་རྒྱུའི་འཆར་གཞི་ཡང་ཡོད་འདུག དེ་བཞིན་ཕྱི་ཚེས་༢༠ཉིན་གྱི་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཧང་་རིའི་གྲོས་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཏེ་གྲོས་ཚོགས་གོང་མར་བཀའ་སློབ་སྩལ་རྒྱུ་དང་ ཕྱི་ཚེས་༢༡ཀྱི་སྔ་དྲོ་༧གོང་ས་མཆོག་ཧང་་རིའིརྒྱལ་ས་སྦུ་པེ་སི་ནས་མཇར་མ་ནིའི་གྲོང་ཁྱེར་པ་ས་ཨུར་དུ་ཆིབས་ཞལ་བསྒྱུར་རྒྱུ་ཡིན་འདུག 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།