བོད་ནང་འཛུགས་བསྐྲུན་ཤུགས་ཆེ་ཡང་བོད་ཀྱི་སྲོལ་རྒྱུན་གྱི་ངོ་བོ་བརླག་བཞིན་ཡོད་འདུག

2021.07.13
བོད་ནང་འཛུགས་བསྐྲུན་ཤུགས་ཆེ་ཡང་བོད་ཀྱི་སྲོལ་རྒྱུན་གྱི་ངོ་བོ་བརླག་བཞིན་ཡོད་འདུག བོད་ནང་འཛུགས་བསྐྲུན་ཤུགས་ཆེ་ཡང་བོད་ཀྱི་སྲོལ་རྒྱུན་གྱི་ངོ་བོ་བརླག་བཞིན་ཡོད་པའི་རྣམ་པ། ༦།༣།༢༡
AFP

བོད་ནང་འཛུགས་བསྐྲུན་ཤུགས་ཆེ་ཡང་བོད་ཀྱི་སྲོལ་རྒྱུན་གྲོང་ཁྱེར་གྱི་རྣམ་པ་མེད་པར་གྱུར་བ་དང་དབུལ་ཕྱུག་གི་ཧེ་བག་ཇེ་ཆེར་སོང་ནས་བོད་མི་རྣམས་སྤྱི་ཚོགས་ཀྱི་གྲལ་མཐར་ལྷུང་བཞིན་ཡོད་འདུག
དེ་ཡང་ཉེ་ཆར་རྒྱ་ནག་གཞུང་ཕྱོགས་ཀྱི་གོ་སྒྲིག་འོག་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་གཅིག་སྟངས་འཛིན་ནན་མོའི་འོག བོད་ཀྱི་རྒྱལ་ས་ལྷ་ས་སོགས་བོད་ནང་ལྟ་སྐོར་དུ་ཁྲིད་ཡོད་པ་དང་། དེའི་ནང་ཧྥ་རན་སིའི་གསར་འགྱུར་རྒྱུད་ལམ་གྱི་གསར་འགོད་པ་མཉམ་ཞུགས་བྱས་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་བོད་ནང་གནམ་ཐང་དང་། གཞུང་ལམ། མེ་འཁོར་རི་ལིའི་ལྕགས་ལམ་སོགས་འཛུགས་བསྐྲུན་འཕེལ་རྒྱས་ཤུགས་ཆེ་བཏང་ཡོད་པ་མ་ཟད། དེང་དུས་ཀྱི་ཐོག་བརྩེགས་ཅན་གྱི་ཁང་པ་མང་པོ་འཛུགས་བསྐྲུན་བྱས་དང་བྱེད་བཞིན་ཡོད་པ་དེ་ཚོ། རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་བོད་ནང་འཕེལ་རྒྱས་ཤུགས་ཆེ་བཏང་ཡོད་ལུགས་ཀྱི་དྲིལ་བསྒྲགས་ལག་ཆར་གྱུར་ཡོད་པ་དང་། དོན་དངོས་ཕྱིའི་དངོས་པོའི་ཡར་རྒྱས་དེ་ཚོས་ས་གནས་བོད་མི་ཚོའི་ནང་དབུལ་ཕྱུག་གི་ཧེ་བག་ཆེ་རུ་བཏང་ཡོད་པའི་ཁར། ཁང་པའི་རིན་གོང་ཇེ་མཐོར་ཕྱིན་ནས་དེང་དུས་ཀྱི་ཐོག་རྩེགས་ཅན་གྱི་ཁང་པ་དེ་ཚོའི་ནང་སྡོད་ཐུབ་མཁན་ནི་ཡོང་སྒོ་ཆེ་བའི་གཞུང་གི་ལས་བྱེད་ཙམ་ལས་བོད་རྒྱ་ཆེའི་ཞིང་འབྲོག་མི་དམངས་ཚོ་ནི་སྡོད་ཐབས་བྲལ་ཡོད་པ་སོགས་བོད་མི་རྣམས་སྤྱི་ཚོགས་ཀྱི་གྲལ་མཐར་ལྷུང་བཞིན་ཡོད་པ་དང་། ལྷག་པར་དུ། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་བྱས་པའི་གྲོང་ཁྱེར་ཆེ་ཁག་ནང་ཨར་ལས་འཛུགས་སྐྲུན་ཤུགས་ཆེ་བྱས་ནས། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལྡན་ཞིང་ཁམས་དེ་བཞིན་རྒྱ་ནག་གི་གྲོང་ཁྱེར་གཞན་དང་གཅིག་མཚུངས་ཀྱིས་ཁྱད་ཆོས་མེད་པའི་དེང་དུས་ཀྱི་ཐོག་རྩེགས་ཅན་གྱི་ཁང་པ་དང་ཚོང་ཁང་ཟ་ཁང་སོགས་སྤྲོ་སྐྱིད་གཏོང་ས་མང་བའི་གྲོང་ཁྱེར་ལྟ་བུར་འགྱུར་བཞིན་ཡོད་པའོ་གནས་ཚུལ་སྤེལ་འདུག
ཕྱི་ལོ་༢༠༠༨་ལོར་བོད་ས་ཡོངས་སུ་རྒྱ་ནག་གཞུང་གི་དབང་བསྒྱུར་དང་དམ་དྲག་གི་སྲིད་བྱུས་ལ་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བའི་རྗེས། གཞུང་ཕྱོགས་ནས་བོད་ནང་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ་དང་དུས་མཚུངས་ཕྱི་རྒྱལ་གྱི་གསར་འགོད་པ་ཡང་བོད་ནང་གཏོང་རྒྱུར་བཀག་སྡོམ་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། དེའི་ཐད་ཉེ་བའི་ལོ་ཤས་ནང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་དཔོན་རིགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་གཞུང་གི་སྲིད་བྱུས་དེ་རིགས་ལ་སྐྱོན་བརྗོད་ཤུགས་ཆེར་བྱས་ཡོད། དེ་བས་རྒྱ་ནག་གཞུང་གིས་དམ་དྲག་སྟངས་འཛིན་འོག་ཕྱི་རྒྱལ་གྱི་གྲགས་ཆེ་བའི་གསར་འགྱུར་བརྒྱུད་ལམ་གྱི་གསར་འགོད་པ་ཁག་གཅིག་བོད་ནང་ལྟ་སྐོར་དུ་ཁྲིད་ཡོད་པ་རེད། ཡིན་ན་ཡང་གོང་ཞུས་ཧྥ་རན་སིའི་གསར་འགྱུར་ལས་ཁང་གི་གསར་འགོད་པས། ཁོང་ཚོས་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་ས་ཆ་ཁག་མ་གཏོགས་ས་གནས་བོད་མི་ཚོར་རང་དབང་གི་ཐོག་ནས་བཅར་འདྲི་བྱེད་རྒྱུ་སོགས་བྱ་ཐབས་མ་བྱུང་བ་གནས་ཚུལ་ནང་བཀོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎