འཛམ་གླིང་གི་ཆུ་དང་འབྲེལ་བའི་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་བོད་ཀྱི་ཁོར་ཡུག་ཆེད་མཁས་པ་མཉམ་ཞུགས་གནང་འདུག

2023.03.23
འཛམ་གླིང་གི་ཆུ་དང་འབྲེལ་བའི་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་བོད་ཀྱི་ཁོར་ཡུག་ཆེད་མཁས་པ་མཉམ་ཞུགས་གནང་འདུག འཛམ་གླིང་གི་ཆུ་དང་འབྲེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་བོད་མི་ཆེད་མཁས་པ་བློ་བཟང་གཡང་མཚོ་ལགས་མཉམ་ཞུགས་གནང་སྐབས། ༠༣།༢༢།༢༠༢༣
fb/lobsang yangtso

དེ་ཡང་འཛམ་གླིང་གི་ཆུའི་ཉིན་མོ་དང་བསྟུན་འཛམ་གླིང་གི་ཆུ་དང་འབྲེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་༢༠༢༣ལོའི་ཚོགས་ཆེན་(the UN Water Conference)་དེ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སུ། སྤྱི་ཟླ་༣པའི་ཚེས་༢༢ནས་༢༤བར་ཚོགས་བཞིན་ཡོད་པ་དང་། ཚོགས་ཆེན་དེར་བོད་ཀྱི་ཁོར་ཡུག་དང་ལྷག་པར་བོད་ཀྱི་རྒྱུག་ཆུའི་གནས་སྟངས་ཐད་ཆེད་ལས་པ་འབུམ་རམས་པ་བློ་བཟང་གཡང་མཚོ་ལགས་མཉམ་ཞུགས་གནང་བ་ཁོང་མོས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་བྱུང་།
དེ་འབྲེལ་ཁོང་མོའི་སྤྱི་ཚོགས་དྲྭ་ལམ་ངོ་དེབ་སྟེང་། ཚོགས་ཆེན་དེར་མཉམ་ཞུགས་བྱས་དོན་ནི། རྒྱལ་མཚམས་ལས་བརྒལ་བའི་ཆུ་བོའི་གལ་གནད་ཐད་མཉམ་རུབ་ཀྱི་ལས་དོན་བྱེད་སྟངས་ཐོག་ལ་ཁ་ཡོད་ལག་ཡོད་ཀྱི་གནས་ཚུལ་ཁག་ཤེས་རྟོགས་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད་ལ། བོད་ནང་གི་ཆུའི་ཛ་དྲག་གི་གནས་སྟངས་སྐོར་གླེང་སློང་བྱས་ཏེ་གོ་རྟོག་སྤེལ་རྒྱུ་དང་། དེ་བཞིན་ཐུན་མོང་གི་དམིགས་འབེན་ཡོད་མཁན་གྱི་ཚོགས་སྡེ་ཁག་དང་འབྲེལ་ལམ་འཛུགས་ཐབས་བྱེད་རྒྱུ་བཅས་ཡིན་པ་གསུངས་འདུག

lobsang yangtso.JPG
སྤྱི་ལོ་༡༩༩༣་ལོའི་སྤྱི་ཟླ་༣པའི་ཚེས་༢༢ནས་བཟུང་། ལོ་ལྟར་ཉིན་མོ་དེ་ནི་འཛམ་གླིང་གི་ཆུའི་ཉིན་མོ་རུ་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། ད་ལོའི་འཛམ་གླིང་གི་ཆུའི་ཉིན་མོར་མི་མང་མང་ཚོགས་ཀྱི་འགྲོ་འདུག་གི་སྤྱོད་ལམ་གསུམ་གྱི་གཤིས་ཀ་དང་ལག་ལེན་བཅས་ཀྱི་ཐོག་ནས་ཆུ་བེད་སྤྱོད་གཏོང་སྟངས་བཟང་ཕྱོགས་ཀྱི་སྟངས་འཛིན་བྱེད་པ་བཅས་ཀྱི་ཐོག་ལ་འགྱུར་བ་གཏོང་ཐུབ་པ་བྱེད་རྒྱུ་དེ་དམིགས་ཚད་དུ་འཛིན་གྱི་ཡོད་པ་རེད། ད་ཆ་འཛམ་གླིང་འདིར་སྔར་བྱུང་མྱོང་མེད་པའི་ཆུའི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པ་དེ་ནི་ཐེ་ཚོམ་མེད་པ་ཞིག་ཡིན་པ་དང་། འཛམ་གླིང་གི་གོ་ལ་འདིའི་སྒང་ཆུ་གཙང་མའི་དགོས་མཁོ་དེ་ལོ་བཅུ་ཕྲག་གཅིག་གི་ནང་ཆུའི་ཐོན་ཁུངས་ལས་བརྒྱ་ཆ་༤༠ལྷག་གི་མང་བ་འགྱུར་སྲིད་པའི་ཉེན་ཚབས་ཡོད་པ་རེད།
འཛམ་གླིང་སྟེང་ཆུའི་དཀའ་ངལ་དེ་ཛ་དྲག་གང་འདྲ་ཞིག་ཡོད་མིན་ལ་མ་བལྟོས་པར། ཕྱོགས་ཡོངས་ཀྱི་ཐོག་ནས་རྒྱལ་ཁབ་ཁག་མཉམ་དུ་ཆུའི་དཀའ་ངལ་སེལ་བའི་གནད་དོན་གྱི་ལས་ལ་མཉམ་ཞུགས་བྱེད་པ་དེ་ནི་དཀའ་ཚེགས་ཅན་ཏུ་གྱུར་ཡོད་པ་རེད།


གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
གཏོང་ལེན་སློབ་གྲྭའི་ཐོག་མའི་དམིགས་ཡུལ་ལྟར་དུ་པིང་ཀི་ལགས་ནས་ཀྱང་མ་འོངས་དབུལ་ཕོངས་ཀྱི་སྤྱི་ཚོགས་སུ་རོགས་རམ་ཞབས་འདེགས་ཞུ་རྒྱུའི་འདུན་པ་ཡོད་ཅེས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལྷ་མོ་ཀིརྟི་དགོན་པའི་ནང་བསྟན་སྔོན་འགྲོའི་སློབ་གྲྭ་ཡོངས་སུ་སྒོ་བརྒྱབ་སྟེ་སློབ་ཕྲུག་ཚོ་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་བཏང་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎