རྒྱལ་ཚོགས་ཀྱི་བུད་མེད་ལ་དབྱེ་འབྱེད་འགོག་ཐབས་ཀྱི་ཚོགས་འདུའི་བོད་ཀྱི་སྐུ་ཚབ་ཚོས་བོད་ནང་གི་བུད་མེད་གནས་སྟངས་གླེང་འདུག

2023.05.09
རྒྱལ་ཚོགས་ཀྱི་བུད་མེད་ལ་དབྱེ་འབྱེད་འགོག་ཐབས་ཀྱི་ཚོགས་འདུའི་བོད་ཀྱི་སྐུ་ཚབ་ཚོས་བོད་ནང་གི་བུད་མེད་གནས་སྟངས་གླེང་འདུག རྒྱལ་ཚོགས་ཀྱི་བུད་མེད་ལ་དབྱེ་འབྱེད་འགོག་ཐབས་ཀྱི་ཚོགས་འདུའི་བོད་ཀྱི་སྐུ་ཚབ་ཚོས་བོད་ནང་གི་བུད་མེད་གནས་སྟངས་གླེང་སྐབས། ༠༥།༠༨།༢༠༢༣
Tibet Bureau Geneva

དེ་ཡང་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལ་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་ཚོགས་འདུ་ཐེངས་༨༥པ་དེ། སྤྱི་ཟླ་༥ཚེས་༨ཉིན་དབུ་འཛུགས་གནང་བའི་ཉིན་དང་པོར། བོད་པའི་སྐུ་ཚབ་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་དང་། བོད་ཀྱི་དབུས་བུད་མེད་ལྷན་ཚོགས། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་བཅས་ཀྱིས། རྒྱ་ནག་གི་བཙན་བཟུང་འོག་གི་བོད་ནང་གི་བུད་མེད་ཚོར་རྒྱ་ནག་གཞུང་གིས་དབྱེ་འབྱེད་ཕྱོགས་ལྷུང་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནས་ཚུལ་ཐེར་འདོན་དང་ཞུ་གཏུག་གནང་ཡོད་པ་དང་མཉམ། རྒྱ་ནག་གཞུང་གི་དབྱེ་འབྱེད་ཕྱོགས་ལྷུང་ཆེ་བའི་སྲིད་བྱུས་དེ་དག་འགོག་ཐབས་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ། སྐལ་ལྡན་མཚོ་མོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོང་ཞུས་ལྷན་ཚོགས་སར་ཆེད་མངགས་རྒྱ་གར་ནས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཕེབས་ཡོད་པ་དང་། བུད་མེད་ལྷན་ཚོགས་ཀྱི་བོད་ནང་གི་བུད་མེད་དང་འབྲེལ་བའི་སྙན་ཐོ་རྒྱལ་ཚོགས་ཀྱི་ཚོགས་ཆུང་ལ་ཕུལ་ཟིན་པ་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་གསུངས་བྱུང་།
ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལ་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་ལྷན་ཚོགས་དེ་སྤྱི་ཚེས་༨ནས་དབུ་འཛུགས་ཀྱིས་ཟླ་བ་འདིའི་ཚེས་༢༦བར་འཚོགས་ཀྱི་ཡོད་པ་རེད།


གསར་འགོད་པ། རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷོསི་ཊོན་གཟའ་མཇུག་བོད་ཡིག་སློབ་གྲྭ
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་རྫུན་བཟོ་དང་རིག་གནས་རྩ་མེད་བཟོ་བའི་བྱ་སྤྱོད་ཐད་ཨ་རིའི་གྲོས་ཚོགས་ནང་ཉན་ཞིབ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎